བལ་ཡུལ་ཞི་བདེ་སྐྲུན་ཐབས་ཆེད་ཀྱི་ལས་དོན་འཆར་གཞི།
2009.03.31
༄༅༎རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་སྲིད་བློན་པཱར་ཅན་རྡ་ཡིས་ཁོང་གི་རྒྱལ་ཁབ་ནང་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་དམིགས་པའི་ཞི་བའི་ལས་དོན་གྱི་འཆར་གཞི་ཞིག་ཐོག་བསྐྱོད་བཞིན་པ་དེ་བཞིན་མ་འོངས་པའི་ཟླ་བ་བཞི་དང་ལྔའི་ནང་ཚུད་ལ་མཇུག་བསྡོམས་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།
སྲིད་བློན་པཱར་ཅན་རྡ་ཡིས་ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་ནང་ནོར་ལྦེ་ཡི་རྒྱལ་སྤྱིའི་ཡར་རྒྱས་བློན་ཆེན་ཨེ་རིཀ་སོལ་ཧའེམ་མཆོག་དང་མཇལ་འཕྲད་གྲོས་མོལ་གྲུབ་པའི་རྗེས་གསར་འགོད་པར་ངའི་བསམ་པར་བལ་ཡུལ་གྱི་ཞི་བདེའི་ལས་དོན་འཆར་གཞི་ཞིག་ཐོག་བསྐྱོད་བཞིན་པའི་ལས་དོན་དེ་ནི་མ་འོངས་པའི་ཟླ་བ་འགའ་ཤས་ནང་ལ་མཇུག་སྒྲིལ་བྱ་རྒྱུ་ཡིན།ང་ཚོས་ལས་དོན་འདི་མཇུག་སྒྲིལ་བྱ་རྒྱུའི་དུས་ཚོད་ནི་ཟླ་བ་བཞི་འམ་ལྔའི་ནང་ཚུད་ལ་བྱ་རྒྱུའི་གཏན་འབེབས་བྱས་ཟིན་པ་དང་ཞི་བའི་ལས་དོན་འཆར་གཞི་དེ་ཡིས་ཞི་བདེའི་ལས་དོན་གྱི་དཔེ་མཚོན་ཡོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་དང་ལྷག་པར་དུ་དེང་སྐབས་ལྷོ་ཨེ་ཤི་ཡའི་ནང་དྲག་པོའི་ཟང་ཟིང་དང་འཐབ་རྩོད་ཀྱི་དཀའ་རྙོགས་ཧ་ཅང་ཆེན་པོ་འཕྲད་བཞིན་པར་བརྟེན་ནས་དམིགས་བསལ་དཀའ་རྙོགས་དེ་རྣམས་ཞི་བའི་ཕྱོགས་སུ་བསྐྱོད་ཐུབ་ཐབས་སུ་བལ་ཡུལ་གྱི་ཞི་བདེའི་ལས་དོན་དེ་བཞིན་དམིགས་དཔེར་བཏོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།