བོད་མི་ཚོར་རྨ་ཁ་མེད་པའི་གཅར་རྡུང་བྱེད་ཀྱི་འདུག

རྒྱ་ནག་གིས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཚོར་ལྟོགས་སྐོམ་གྱི་དཀའ་ངལ་སྤྲོད་པ་དང་། རྨ་ཤུལ་མེད་པའི་གཅར་རྡུང་དྲག་པོ་བྱེད་བཞིན་པ་བཙོན་གྲོལ་ཐོབ་པའི་བོད་མི་ཞིག་གིས་བརྗོད་འདུག

2012.12.19

ཉེ་བའི་ཆར་རྒྱའི་བཙོན་འོག་ནས་བཙོན་གྲོལ་ཐོབ་པའི་བོད་མི་ཞིག་གིས་དངོས་མྱོང་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། ཕྱི་ལོ་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སམ་ཕྱི་ལོ་༢༠༠༩་ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་སྟེ་བོད་ཀྱི་རྒྱལ་ས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་བཙོན་འཇུག་བྱས་པའི་བོད་མི་ཞིག་ད་ཆ་བཙོན་གྲོལ་ཐོབ་ན་ཡང་ཁོང་ནད་པར་གྱུར་ཡོད་པ་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་ཉིན་ལྟར་རྐང་ལག་བཞི་བོ་གནམ་ལ་དཔྱང་ནས་གཅར་རྡུང་ཚད་མེད་གཏོང་གི་ཡོད་པ་མ་ཟད་། ཁ་ལག་དུས་ཐོག་ཏུ་མི་སྤྲོད་པ་དང་། སྤྲད་པའི་ནང་བྱེ་མ་བསྲེས་བ། འཐུང་ཆུ་ཡུན་རིང་མི་སྤྲོད་པ་སོགས་ལྟོགས་སྐོམ་དཀའ་ངལ་སྤྲད་པར་བརྟེན་བཙོན་པ་ཚོས་བཟོད་སྒོམ་མ་ཐུབ་པར་རང་ཉིད་ཀྱི་གཅིན་པ་འཐུང་གི་ཡོད་པ་དང་། མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་བོད་ཀྱི་ཆབ་སྲིད་བཙོན་པ་བརྒྱ་ཆ༩༠་མིག་ལ་སྐྱོན་ཤོར་བ་དང་། རྨ་ཤུལ་མེད་པའི་གཅར་རྡུང་དྲག་པོ་བྱེད་བཞིན་པ་རེད་ཅེས་དང་།

ད་དུང་བོད་མི་བཙོན་པ་ཚོར་ཉིན་ལྟར་ཚ་འདྲི་ནན་འདྲི་བྱེད་སྐབས་རྒྱབ་ལ་ངན་སྐུལ་བྱེད་མཁན་སུ་ཡོད་པ་དང་། སུས་བརྒྱུད་སྐུལ་བྱས་པ་ཡིན་མིན།  དེ་བཞིན་རྒྱལ་བ་རིན་པོ་ཆེ་ཡིས་ཁྱེད་ཚོར་ཕན་ཅི་ཡང་ཐོག་གི་མེད་ཚུལ་དང་། ཕན་ཐོག་མཁན་དེ་ནི་རྒྱ་ནག་གུང་ཁྲན་ཏང་ཡིན་པ་ཤེས་དགོས་སྐོར་སོགས་བཙན་གྱིས་བཤད་སྐབས་བོད་མི་ཚོས་ང་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་ཆོས་དད་རང་དབང་མེད་སྐོར་ལན་འདེབས་བྱས་ཡོད་ཚུལ་སོགས་བརྗོད་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎