ལྡི་ལིར་༧གོང་ས་མཆོག་གི་མཛད་རྣམ་འགྲེམས་སྟོན་གནང་བ།
2016.01.28
བོད་མིའི་སྒྲིག་འཛུཊ་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ལྡི་ལིར་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གནང་བ།
དེ་ཡང་དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་༢༠༡༦ལོའི་བྱང་ཤར་གྱི་རིག་གཞུང་དང་ཚོང་ལས་ཞེས་པའི་དུས་སྟོན་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁང་གི་འགྲེམས་སྟོན་ཚན་པས་། ཕྱི་ཟླ་དང་པོའི་ཚེས་༢༥ ཉིན་གཅིག་རིང་ལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་ལྡན་པའི་སྐུ་པར་དང་། འཕགས་བོད་འབྲེལ་བའི་སྐོར་གྱི་པར་གྱི་འགྲེམས་སྟོན་གནང་ཡོད་པ་དང་། དུས་སྟོན་དང་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་དེ་ནི་སྐུ་ཞབས་Indresh Kumarམཆོག་གི་དབུས་པའི་གནད་ཡོད་དཔོན་རིགས་ཁག་ཅིག་གིས་གནང་ཡོད་པ་རེད།
དུས་སྟོན་དེ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་Mandi Houseཞེས་པའི་ཉེ་འདབས་སུ་ཚོགས་ཡོད་པ་རེད།
དུས་སྟོན་དེའི་དམིགས་ཡུལ་དེ་ནི་། བྱང་ཤར་ས་གནས་ཀྱི་རིག་གཞུང་དང་ཤུལ་བཞག་མི་འདྲ་བ་རྣམས་ཐོུང་གི་སྡེང་ཆ་གཅིག་གི་ཐོག་ལ་མཉམ་དུ་འཛོམས་རྒྱུ་དང་ལྷག་པར་དུ་རྒྱ་གར་གྱི་ས་ཁུལ་གཞན་དག་དང་འབྲེལ་བ་བཙུགས་རྒྱུ་མ་ཟད་། བྱང་ཤར་གྱི་རིག་གཞུང་འདྲ་མིན་དེ་དག་ལ་མི་རྣམས་ཡིད་དབང་འཕྲོག་ཏུ་འཇུག་རྒྱུ་དང་། ད་དུང་བྱང་ཤར་ས་ཁུལ་ནང་གི་དཔལ་འབྱོར་དང་འབྲེལ་བའི་བྱ་བ་མཐའ་དག་གོང་འཕེལ་གཏོང་ཐབས་སུ་དམིགས་པ་ཞིག་ཡིན་པ་རེད་།
དུས་སྟོན་དེར་མཉམ་ཞུགས་གནང་མཁན་མི་དམངས་ཆིག་སྟོང་ཙམ་བྱུང་ཡོད་པ་དང་།
དེའི་ནང་ནས་སློབ་ཕྱུག་དང་ཚོང་ལས་མི་སྣས་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད་།
བོད་ཀྱི་འགྲེམས་སྟོན་བལྟ་བར་ཕེབས་ཡོད་པའི་ཁོངས་ནས་དགོངས་ཚུལ་བྲིས་མཁན་ནང་ནས་། བྱང་ཤར་ས་གནས་ཀྱི་ཡར་རྒྱས་བློན་ཆེན་ནས་།སྐུ་པར་དེ་ཚོའི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་དང་དགོངས་གཞི་མཚོན་ཐུབ་པ་དང་། ༧གོང་ས་མཆོག་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པའི་ལམ་ལམ་ཞུ་རྒྱུ་ཡིན་སོགས་བྲིས་གནང་ཡོད་པ་དང་། ད་དུང་སྐུ་ཞབས་Indresh Kumarམཆོག་ནས་ཀྱང་སྐུ་པར་གྱི་འགྲེམས་སྟོན་དེ་ཡིས་སེམས་འགུལ་ཐེབས་དགོས་ཞིག་བྱུང་ཡོད་པའི་སྐོར་སོགས་བྲིས་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།