གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་བ།

2022.07.27
གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་བ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་ཚོགས་འདུ་ལ་མཉམ་ཞུགས་གནང་མཁན་བདེ་སྲུང་དྲུང་ཆེ་དང་ཕྱི་དྲིལ་དྲུང་ཆེ། སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་དང་ལྡི་ལིའི་དོན་གཅོད། སློབ་སྟོན་པར་དམིགས་བསལ་སྐུ་ཚབ་ཟུར་པ་བསྐལ་བཟང་རྒྱལ་མཚན་བཅས་ཡོད་།
Tibet.net

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གིས། བོད་རྒྱ་ཞི་མོལ་དང་འབྲེལ་བའི་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་། མ་འོངས་འབྱུང་འགྱུར་གྱི་གནང་ཕྱོགས་ཐད་གྲ་སྒྲིག་བཅས་གོ་བསྡུར་ཆེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་ཚོགས་ཆུང་གི་ཚོགས་འདུ་ཐེངས་མ་གཉིས་པ་དེ། སྤྱི་ཟླ་༧པའི་ཚེས་༢༧ནས་ཉི་མ་གསུམ་གྱི་རིང་། བཞུགས་སྒར་ཉེ་འཁྲིས་ཀྱི་Asia་health་resort་གསོལ་མགྲོན་ཁང་དུ་འཚོག་གནང་གི་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། གཙོ་ཆེ་བ་བོད་རྒྱ་འབྲེལ་མོལ་དང་སྲིད་སྐྱོང་མཆོག་གིས་མཛད་འགན་བཞེས་པ་ནས་བཟུང་སྟེ། ཡོ་རོབ་དང་ཨ་རི་སོགས་སུ་ཕེབས་ནས་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་བ། ཨ་མི་རི་ཀའི་དམིགས་བསལ་འབྲེལ་མཐུད་པ་རྒྱ་གར་དང་བལ་ཡུལ་དུ་ཕེབས་པའི་གནད་དོན་བཀའ་བསྡུར་སྙན་སྒྲོན་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་ཚོགས་འདུ་ལ་མཉམ་ཞུགས་གནང་མཁན་ཚོ་བདེ་སྲུང་དྲུང་ཆེ་དང་ཕྱི་དྲིལ་དྲུང་ཆེ། སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་དང་ལྡི་ལིའི་དོན་གཅོད། སློབ་སྟོན་པར་དམིགས་བསལ་སྐུ་ཚབ་ཟུར་པ་བསྐལ་བཟང་རྒྱལ་མཚན་བཅས་ཡོད་ཐོག། བཀའ་ཟུར་བསྟན་པ་ཚེ་རིང་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་གཉིས་དྲ་ལམ་ནས་མཉམ་ཞུགས་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་ད་དུང་ཚོགས་འདུའི་བརྗོད་གཞིའི་ནང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྤྱི་དང་། ཁྱད་པར་བོད་རྒྱ་ཞི་མོལ་གྱི་ལས་དོན་གྲ་སྒྲིག་གནང་ཕྱོགས་བཅས་ཀྱང་ཚུད་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། དེ་སྔ་བཀའ་ཤག་སྐབས་སྔ་མ་ཁག་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ངོ་བོའི་ཐོག་ནས་ཚོགས་འདུ་དེ་དུས་ནས་དུས་སུ་གནང་སྲོལ་ཡོད་པ་ཞིག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བཀའ་ཤག་གསར་པ་ནས་བཟུང་། ལས་དོན་ཚོགས་ཆུང་འདི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ལ་མིང་བསྒྱུར་དང་འབྲེལ། ཚོགས་མིའི་གྲུབ་ཆ་ལའང་འགྱུར་བ་བཏང་སྟེ། ཚོགས་འདུ་ཚར་གཅིག་ཚོགས་གནང་གྲུབ་པར་བརྟེན། ད་ལན་གྱི་ཚོགས་འདུ་འདི་ནི་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་མ་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎