པདྨ་རིག་འཛིན་ལགས་བཙོན་གྲོལ་བྱུང་བར་དགའ་སྟོན་དགའ་བསུ།


2015.10.23
རྡུང་ལེན་པ་པདྨ་རིག་འཛིན་ལགས་བཙོན་ཁང་ནས་མི་ལོ་གཉིས་ཀྱི་རྗེས་བཙོན་གྲོལ་བྱུང་བར་བོད་མི་ཚོས་ཕེབས་བསུ་དགའ་སྟོན་གནང་བ། རྡུང་ལེན་པ་པདྨ་རིག་འཛིན་ལགས་བཙོན་གྲོལ་བྱུང་བར་བོད་མི་ཚོས་ཕེབས་བསུ་དགའ་སྟོན་གནང་བ། ༢༠༡༥།༡༢།༢༣
བོད་འབྱོར།

རྡུང་ལེན་པ་པདྨ་རིག་འཛིན་ལགས་བཙོན་ཁང་ནས་མི་ལོ་གཉིས་ཀྱི་རྗེས་བཙོན་གྲོལ་བྱུང་བར་བོད་མི་ཚོས་ཕེབས་བསུ་དགའ་སྟོན་གནང་བ།
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༥སྤྱི་ཟླ་༡༠ཚེས་༢༣ཉིན་མདོ་སྨད་རྔ་བ་ཕྱོགས་ཀྱི་གླུ་བ་དང་སྒྲ་བརྙན་རྡུང་ལེན་པ་པདྨ་རིག་འཛིན་ལགས་བཙོན་ཁང་ནས་མི་ལོ་གཉིས་ཀྱི་རྗེས་བཙོན་གྲོལ་བཏང་ཡོད་པ་དང་། སྐབས་དེར་ནང་མི་སྤུན་མཆེད་དང་། ངོ་ཤེས་གྲོགས་པོ། ས་གནས་བོད་མི་བཅས་ནས་རྟེན་འབྲེལ་གྱི་ཁ་བཏགས་འབུལ་ནས་ཕེབས་བསུ་གཟབ་རྒྱས་གནང་འདུག
ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་ནི་པདྨ་རིག་འཛིན་ཁོང་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༧ཉིན་ཁྲིན་ཏུའུ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། རྗེས་སུ་ཁྲིམས་ཐག་གཅོད་སྐབས་ནང་མི་རེ་ཟུང་ཁྲིམས་རར་འགྲོ་བཅུག་ཡོད་ཀྱང་ནང་མིར་ཁྲིམས་རྩོད་པ་གླ་རྒྱུའི་གོ་སྐབས་སྤྲད་མེད་པ་རེད། དེ་ནས་སྤྱི་ལོ༢༠༡༣ལོའི་ཟླ་༡༡ ཚེས་༢༧ ཉིན་གླུ་བ་པདྨ་རིག་འཛིན་ཁོང་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གླུ་གཞས་འོད་སྡེར་སྒྲིག་སྦྱོར་དང་། པར་སྐྲུན་བྱས་པའི་ཉེས་མིང་འོག་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཅེན་ཉོས་ཆས་འབྲིང་རིམ་མི་དམངས་ཁྲིམས་ཟེར་བས་ལོ་༢དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་༥༠༠༠༠ཙམ་གྱི་ཉེས་ཆད་བཅད་ཡོད་འདུག
གླུ་བ་པདྨ་རིག་འཛིན་ལགས་ནི་ད་ལོ་དགིང་ལོ་༤༦ཙམ་ཡིན་པ་དང་། དེ་སྔ་དམངས་ཁྲོད་ཀྱི་གཞས་པ་ཞིག་ཡིན་པ་རེད། ༡༩༨༢ ལོ་ནས་བཟུང་ཁོང་གིས་༼གངས་ལྗོངས་དྲན་གླུ༽དང་། ༼མིག་ཆུ༽སོགས་བོད་མི་རིགས་ཀྱི་གནས་བབ་མཚོན་པའི་གླུ་གཞས་མང་པོ་ལེན་མགོ་བརྩམས་ཤིང་། ཁོང་གི་ཕ་སྐད་གླུ་གཞས་སྒྲ་ཐག་དང་འོད་སྡེར་དག་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཆེན་པོ་ཡོད་པ་དང་། སྤྱི་ལོ་༢༠༠༨ལོ་ཙམ་ནས་ཁོང་གིས་རྒྱུན་ལྡན་གྱི་གླུ་གཞས་གཏོང་མཚམས་བཞག་སྟེ། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གློག་བརྙན་སྒྲིག་བཟོ་ཁང་ཞིག་གསར་འཛུགས་ཀྱིས། བོད་ཁམས་ཀྱི་གཞས་བ་གཞས་མ་མང་པོའི་མི་རིགས་ཀྱི་ལས་དབང་དབྱངས་སུ་གྱེར་བའི་གླུ་གཞས་ཆེད་བསྒྲིགས་མང་པོ་སྒྲིག་བཟོ་བྱས་ཡོད་ཅིང་། རྒྱ་གཞུང་གི་ཉེན་རྟོག་པས་དེ་སྔོན་པདྨ་རིག་འཛིན་ལགས་འཇུ་བཟུང་རྗེས་གློག་བརྙན་སྒྲིག་བཟོ་ཁང་དེ་སྒོ་རྒྱབ་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ་དང་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎