བོད་མི་ཚོར་ཁྲིམས་མཐུན་གྱི་ཕྱི་བསྐྱོད་ལག་འཁྱེར་སྤྲོད་དགོས་པའི་འབོད་སྐུལ།


2018.08.31
རྒྱ་ནག་གི་ཕྱིར་བསྐྱོད་ལམ་ཡིག རྒྱ་ནག་གི་ཕྱིར་བསྐྱོད་ལམ་ཡིག
པར་ཚགས།

རྒྱ་ནག་གཞུང་གིས་བོད་མི་ཚོར་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་དགོས་པ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མི་སྣས་ཛ་དྲག་གི་འབོད་སྐུལ་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མི་སྣའི་ལྷན་ཚོགས་ཀྱི་ཚོགས་བཞུགས་མི་སྣ་ཚོས་རྒྱ་ནག་གཞུང་གིས་བོད་མི་ཚོར་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་འདུག
དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མི་སྣའི་ལྷན་ཚོགས་ཐོག་རེས་གཟའ་ཕུར་བུའི་ཉིན་ཚོགས་བཞུགས་འཐུས་མིས་བཏོན་པའི་སྙན་ཐོ་ཞིག་གི་ནང་། རྒྱ་ནག་གཞུང་གིས་བོད་མི་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་འབྲེལ་བོད་ནང་བོད་ཡིག་དེ་བཞིན་བོད་ཀྱི་སློབ་གསོ་དང་ཁྲིམས་འཛིན་གསར་འགོད་ལས་རིགས་ནང་བེད་སྤྱོད་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།
སྤྱིར་བཏང་རྒྱ་མི་རིགས་ཚོར་རྒྱ་ནག་ནང་ནས་ཕྱིར་བསྐྱོད་ལག་འཁྱེར་ལེན་རྒྱུར་དཀའ་ངལ་གང་ཡང་མེད་ཀྱང་། བོད་ནང་གི་བོད་མི་ཚོར་ཕྱིར་བསྐྱོད་ལག་འཁྱེར་ཐོབ་རྒྱུ་ཧ་ཅང་གི་དཀའ་ངལ་ཡོད་པའི་ཁར། འདས་པའི་ལོ་ངོ་ཁ་ཤས་ནང་གནས་སྟངས་དེ་དེ་བས་དཀའ་ངལ་ཆེ་རུ་ཕྱིན་ནས། ལོ་ཤས་ནང་བོད་མི་ཕྱིར་བསྐྱོད་ལག་འཁྱེར་ཡོད་པ་ཚོའི་ཕྱིར་བསྐྱོད་ལག་འཁྱེར་ཡང་གཞུང་ཕྱོགས་ནས་ཕྱིར་བསྡུ་བྱེད་པའི་གནས་ཚུལ་ཡོད་མུས་བཞིན། ཉེ་ཆར་རྔ་བ་ཁུལ་གྱི་ས་ཆ་ཁ་ཤས་ལ་ཡང་བསྐྱར་བརྡ་ཐོ་ཞིག་བཏང་འདུག་པ་དེའི་ནང་། ཕྱི་བསྐྱོད་ལག་འཁྱེར་ཡོད་མཁན་གྱི་མིང་ཐོ་བཀོད་ནས་སྤྱི་ཟླ་དགུ་བའི་ཚེས་གཅིག་གི་སྔོན་ལ་ཕྱི་བསྐྱོད་ལག་ཁྱེར་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའི་གསལ་བསྒྲགས་སྤེལ་ཡོད་འདུག
དེ་བཞིན་རྔ་བ་ཁུལ་ནས་ཡིན་པའི་ཚོང་བ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། ཁོང་གི་ཕྱི་བསྐྱོད་ལག་ཁྱེར་ད་ལོའི་ལོ་འགོར་རྩིས་སྤྲོད་བྱས་པ་དང་། དེ་དུས་སྤྱི་ཟླ་གསུམ་པའི་རྗེས་ཕྱིར་སློག་བྱ་རྒྱུའི་སྐོར་ཁས་ལེན་བྱས་ཡོད་ཀྱང་། རྗེས་ནས་སྤྱི་ཟླ་བདུན་པ་བར་དུ་ཕྱིར་འགྱངས་བྱས་ཅིང་། ད་ལྟ་སྤྱི་ཟླ་བཅུ་གཉིས་ལ་མ་གཏོགས་ཕྱིར་སློག་བྱ་རྒྱུ་མིན་ལུགས་བརྗོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་ཉེ་ཆར་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་བོད་མི་ཚོའི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་པའི་རྐྱེན་གྱིས་བོད་མི་ཚོང་པ་ཁག་གཅིག་ལ་དམིགས་བསལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

གསར་འགོད་པ་འཆི་མེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎