བལ་ཡུལ་ཕྱོགས་འགལ་ཚོགས་པས་ངོ་རྒོལ་སྤེལ་རྒྱུ།

དམར་ཤོག་ཚོགས་པའི་སྲིད་བློན་གྱི་དབང་ཆ་མུ་མཐུད་གནས་ཐབས་སུ་ཁྲིམས་བཟོའི་འཐུས་ཚོགས་འཕོ་འགྱུར་བཏང་བ།

2012.06.03

༄༅༎བལ་ཡུལ་ནང་དམར་ཤོག་མའོ་ཚོགས་པའི་སྲིད་བློན་གྱིས་དབང་ཆའི་ནང་གནས་ཐབས་ཀྱི་འཐབ་བྱུས་བཟུང་སྟེ་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་འཕོ་འགྱུར་བཏང་བ་དེར་ཕྱོགས་འགལ་ཀོང་རེསི་ཚོགས་པས་གཙོས་པའི་ཚོགས་པ་བཅུ་དགུས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཕྱི་ཟླ་༥པའི་ཚེས་༢༧མཚན་དགུང་ཕར་འགྱངས་གནང་བའི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་དུས་ཡུན་རྫོགས་རྗེས སྲིད་བློན་བྭ་བུ་རམ་བ་ཊ་རའེ་ ཡིས་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་རྩ་གྲོལ་བཏང་སྟེ་འདི་ལོ་ཕྱི་ཟླ་༡༡པའི་ཚེས་༢༢ཉིན་སླར་ཡང་རྒྱལ་ཡོངས་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་འོས་བསྡུ་གསལ་བསྒྲགས་གནང་ཡོད་པ་རེད། འོན་ཀྱང་ཀོང་རེསི་ཚོགས་པ་སོགས་ལ་གྲོས་བསྡུར་མེད་པར་དམར་ཤོག་མའོ་ཚོགས་པ་ཉིད་ཀྱིས་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་རྩ་གྲོལ་བཏང་སྟེ་སྲིད་བློན་རང་ཉིད་བར་བརྒལ་གཞུང་གི་སྲིད་བློན་ལས་གནས་བཟུང་བཞིན་པ་ནི། དམར་ཤོག་མའོ་ཚོགས་པས་དབང་ཆ་བཟུང་ཐབས་ཀྱི་འཐབ་བྱུས་ཤིག་ཡིན་པར་ཀོང་རེས་ཚོགས་པ་གཙོས་པའི་སྲིད་དོན་ཚོགས་པ་ཁག་གིས་སྐྱོན་འཛུགས་གནང་ཡོད་འདུག ཕྱི་ལོ་༢༠༠༨་ལོར་རྩ་ཁྲིམས་གསར་བཟོའི་ཆེད་ཁྲིམས་བཟོའི་འཐུས་མི་རྣམས་འོས་འདེམས་ཀྱིས་ལས་ཡུན་ལོ་ངོ་གཉིས་ནང་ཚུད་རྩ་ཁྲིམས་གཏན་འབེབས་བྱ་རྒྱུའི་དུས་བཀག་གནང་ཡང་དུས་ཐོག་འགྲུབ་མ་ཐུབ་སྟབས། ལས་ཡུན་འཕར་འགྱངས་ཟླ་དྲུག་རེའི་མཚམས་སུ་ཐེངས་རེ་གནང་སྟེ་འཕར་འགྱངས་ཀྱིས་ད་བར་ལོ་་བཞིའི་རིང་རྩ་ཁྲིམས་གསར་བཟོའི་ལས་དོན་འགྲུབ་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎