ཕེ་རན་སིའི་གྲོང་ཁྱེར་ཕད་རི་སིས་༸གོང་ས་མཆོག་ལ་ཆེ་བསྟོད།

༸གོང་ས་མཆོག་ལ་རེས་གཟའ་ཉི་མའི་ཉིན་ཕེ་རན་སིའི་གྲོང་ཁྱེར་ཕད་རི་སི་ཡིས་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་ཕུལ་ཡོད་པ་རེད།

2009.06.08

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟའ་ཉི་མའི་ཉིན་ཕེ་རན་སིའི་གྲོང་ཁྱེར་ཕད་རི་སི་ཡིས་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་ཕུལ་ཡོད་པ་རེད།

ཕད་རི་སི་གྲོང་ཁྱེར་གྱི་སྤྱི་ཁྱབ་སྦར་ཊན་ཌེ་ལ་ནོ་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་ཆེ་བསྟོད་མི་སེར་གྱི་མཚན་རྟགས་ཕུལ་ཡོད་ཅིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕད་རི་སི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་མཚན་རྟགས་བཞེས་པའི་སྐབས་སྐུ་ཉིད་འགྲོ་བ་མིའི་རིགས་ཞིག་ཡིན་པའི་ངོས་ནས་འགྲོ་བ་མིའི་རིན་ཐང་དང་ཞི་བདེ་འཚེ་མེད་ཞི་བ་བཅས་སྲུང་སྐྱོབ་གནང་བར་ངོས་འཛིན་ཐོབ་པ་ཞིག་ལ་རྩིས་གནང་ནས་གྲོང་ཁྱེར་ཕད་རི་སི་ཡི་ཆེ་བསྟོད་མི་སེར་གྱི་མཚན་རྟགས་དེ་བཞེས་གནང་གི་ཡིན་ཞེས་བཀའ་གནང་འདུག གྲོང་ཁྱེར་ཕད་རི་སི་ཡིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་སེར་གྱི་ཆེ་བསྟོད་མཚན་ཐོངས་འབུལ་རྒྱུའི་ཐག་གཅོད་གནང་བ་ནས་བཟུང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད་ད་རེས་ཕད་རི་སི་གྲོང་ཁྱེར་གྱིས་༸གོང་ས་མཆོག་ལ་མི་སེར་གྱི་ཆེ་བསྟོད་མཚན་ཐོངས་ཕུལ་བ་དེས་དེང་སྐབས་ཕེ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་བཞིན་པ་དེར་གནོད་སྐྱོན་ཡོང་སྲིད་པ་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་དགོངས་ཚུལ་གསུང་གི་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟའ་ཉི་མའི་ཉིན་བཀའ་གནང་བར་ན་ནིང་ཕྱི་ཟླ་གསུམ་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་ནས་ཁོང་ཚོ་ཟིང་ཆ་སློང་མཁན་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་ཁག་ནང་དམག་དཔུང་འཕོན་ཆེ་བཏང་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡིན་པ་བཀའ་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སིའི་ནང་དུས་ཡུན་བཞུགས་བཞག་གཉིས་ཀྱི་མཛད་འཆར་ནང་གཟའ་སྤེན་པའི་ཉིན་ཕེ་རན་སི་ཁུལ་དུ་ཡོད་པའི་རྒྱ་མི་རིགས་ཚོ་དང་མཇལ་འཕྲད་གནང་ཡོད་པ་དང་དེ་མིན་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་འཕྲད་དང་འབྲེལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎