ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་སྤེལ་ཕྱོཌ་ཐད་སློབ་སྟོན།

པ་ཀི་སི་ཏན་མི་སྣ་ཁག་ཅིག་སྐུ་ཞབས་ཧ་ཛ་རེའི་སར་བཅར་སྟེ་ཁོང་ཚོའི་ཡུལ་ནང་ལྐོག་ས་རུལ་སུངས་ལ་ངོ་རྒོལ་སྤེལ་ཕྱོགས་སྐོར་སློབ་སྟོན་ཞུ་རྒྱུ།

2011.09.21

༄༅༎རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུངས་ལ་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་སྣེ་འཁྲིད་གནང་མཁན་ཨན་ན་ཧ་ཛ་རེ་ཡི་བཞུགས་གནས་སུ་པ་ཀི་སི་ཏན་ནས་མི་སྣ་ཁག་ཅིག་བཅར་སྟེ་ཁོང་ཚོའི་ཡུལ་ནང་ལས་འགུལ་དེ་དང་འདྲ་བ་ཞིག་སྤེལ་ཕྱོགས་སྐོར་སློབ་སྟོན་ཞུ་ཡག་རེད་འདུག།
པ་ཀི་སི་ཏན་གྱི་ཚོགས་ཆུང་དེའི་ནང་ཡུལ་དེའི་ཁྲིམས་དོན་བློན་ཆེན་ཟུར་པ་ཨིཀ་སྦལ་ཧའེ་རྡར་ཐེ་པའི་ཁྲིམས་དོན་མཁས་པ་གསུམ་ཡོད་པ་དང༌། ཨན་ན་ཧ་ཛ་རེ་དང་མཇལ་འཕྲད་དེ་གོ་སྒྲིག་གནང་མཁན་ གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སཱར་ཧརྡ་ཞེས་པ་དེ་རེད།
སཱར་ཧརྡ་ཚོགས་པའི་འགན་འཛིན་གྱིས་ པ་ཀིསི་ཐན་གྱི་ཚོགས་ཆུང་དེས་དེ་རིང་ཉིན་གུང་ཆུ་ཚོད་༡པོའི་ཐོག་ཨན་ན་ཧ་ཛ་རེ་དང་མཇལ་འཕྲད་གནང་སྟེ། རྒྱ་གར་དང་པ་ཀིསི་ཐན་གཉིས་ཀའི་ནང་ལྐོག་ཟ་རུལ་སུངས་དང་འཇིགས་སྐུལ་དྲག་སྤྱོད་པའི་དཀའ་ངལ་གཅིག་མཚུངས་ཡོད་སྟབས། པ་ཀིསི་ཐན་མང་ཚོགས་ཀྱིས་ ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཕྱོགས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་བཞག།
ཨན་ན་ཧ་ཛ་རེ་ཡིས་ཟླ་བ་སྔོན་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་མང་ཚོགས་འཕོན་ཆེ་འདུ་འཛོམས་ཐོག་གཞུང་གི་ལྐོག་ཟ་རུལ་སུངས་མཚམས་འཇོག་དགོས་རྒྱུ་དང༌། དེ་དག་འགོག་ཐབས་སུ་ཁྲིམས་གཞི་དམ་པོ་ཞིག་གཏན་འབེབས་གནང་དགོས་རྒྱུའི་དགོས་འདུན་བཏོན་གནང་སྟེ་ཉིན་གྲངས་༡༢རིང་བཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎