རྒྱ་གར་དམག་དོན་གནམ་གྲུ་པ་ཀི་སི་ཐན་དུ་སིམ་འཛུལ་བྱས་ལུཌ།

རྒྱ་གར་གྱི་དམག་དོན་གནམ་གྲུ་པ་ཀི་སི་ཐན་གྱི་ས་ཁུལ་དུ་སིམ་འཛུལ་བྱས་ཡོད་ལུགས་ཉེས་བཙུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

2008.12.18

༄༅༎པ་ཀི་སི་ཐན་གྱི་ཕྱི་སྲིད་ལས་ཁུངས་ནས་འགྲེལ་བརྗོད་བྱས་པར་ལྟར་ན་དེ་རིང་རེས་གཟའ་ཕུར་བུའི་ཉིན་པ་ཀི་སི་ཐན་ནང་ཡོད་པའི་རྒྱ་གར་གཞུང་ཚབ་པ་གཞོན་པ་མན་པི་རིཏ་ལྦོཧ་ར་མཆོག་བསྐོང་འགུགས་གནང་ནས་ཉེ་ཆར་རྒྱ་གར་གྱི་དམག་དོན་ཐད་འཕུར་གནམ་གྲུ་འགའ་ཤས་པ་ཀི་སི་ཐན་གྱི་མངས་ཁོངས་སུ་ཡོད་པའི་པན་འཇབ་དང་ཀ་ཤི་མིར་མངའ་ཁུལ་དུ་སིམ་འཛུལ་བྱས་ཡོད་པའི་གནད་དོན་སྐོར་ཡིག་ཐོག་ནས་ངོ་སྤྲོད་དང་འབྲེལ་སྐྱོན་བརྗོད་བྱས་ཡོད་འདུག

འོན་ཀྱང་རྒྱ་གར་གྱི་གནམ་དམག་ལས་དོན་ཚན་པའི་མགྲིན་ཚབ་པ་དམག་སྤྱི་མ་ཧེཤ་ཨུ་པ་ས་ནིས་གསུངས་ན་པ་ཀི་སི་ཐན་གྱི་ཉེས་བཙུགས་བྱས་པའི་གནད་དོན་ལ་ང་ཚོས་ཁས་ལེན་རྩ་བ་ནས་མེད་ལ་ཁྲིམས་འགལ་གྱི་སིམ་འཛུལ་བྱས་པའི་གནས་ཚུལ་འདི་རིགས་རྩ་བ་ནས་བྱུང་མེད་ལུགས་གསུངས་འདུག

གང་ལྟར་རྒྱ་གར་དང་པ་ཀི་སི་ཐན་ཡུལ་གཉིས་དབར་ཟླ་བ་སྔོན་མ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ་ཚབས་ཆེ་བཏང་བའི་གནས་ཚུལ་བྱུང་བའི་རྗེས་བྱེད་གཏེ་རྣམས་པ་ཀི་སི་ཐན་གྱི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཡིན་པའི་ཉེས་བཙུགས་བྱས་པ་སོགས་ཀྱིས་ཕྱོགས་ཕན་ཚུན་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎