པ་ཀི་སི་ཐན་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིཌ

རྒྱ་ནག་གི་སྲིད་འཛིན་ནས་རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་པའི་པ་ཀི་སི་ཐན་གྱི་སྲིད་བློན་དང་མཇལ་འཕྲད་གནང་བའི་གནས་ཚུལ།

2011.05.20

༄༅༎རྒྱ་ནག་གི་སྲིད་འཛིན་ལྦུའུ་ཇིང་ཐའོ་ཡིས་གཟའ་པ་སངས་ཉིན་རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་པའི་པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སཕ་ར་ཛ་གི་ལ་ནི་དང་མཇལ་འཕྲད་གནང་བའི་སྐབས་པ་ཀི་སི་ཐན་ནི་རྒྱ་ནག་གི་བློ་བརྟན་འགྱུར་མེད་ཀྱི་གྲོགས་པོ་རྙིང་པ་ཡིན་ལུགས་བརྗོད་ནས་དགའ་བསུའི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་རེད་ ད་རེས་པ་ཀི་སི་ཐན་གྱི་སྲིད་བློན་རྒྱ་ནག་ནང་མཚམས་གཟིགས་སུ་ཕེབས་པའི་སྐབས་དང་ ཨ་རིས་འཇིགས་སྐུལ་དྲག་སྤྱོད་པའི་བྱེད་གཏེ་ཨོ་ས་མ་བིན་ལའ་ཀྲན་པ་ཀི་སི་ཐན་ནང་དམར་བསད་བཏང་བའི་གནད་དོན་དང་འབྲེལ་བའི་པ་ཀི་སི་ཐན་ལ་ཨ་རི་དང་ནུབ་ཕྱོགས་ཡུལ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་ཡིན་ཞིང་ པ་ཀི་སི་ཐན་གྱི་སྲིད་བློན་ནས་ གཟའ་ཕུར་བུའི་ཉིན་རྒྱ་ནག་གི་པེ་ཅིན་སློབ་གྲ་ཆེན་མོའི་ནང་གཏམ་བཤད་སྤེལ་བའི་སྐབས་ རྒྱ་ནག་དང་པ་ཀི་སི་ཐན་ཡུལ་གྲུ་གཉིས་དབར་དུས་ཡུན་རིང་པོའི་མཛའ་གྲོགས་ཀྱི་འབྲེལ་ལམ་དང་མཐུན་ཕྱོགས་ཡུལ་གྲུ་ཡིན་པ་མ་ཟད་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་བརྒྱུད་ནས་རྒྱལ་སྤྱི་དང་མངའ་ཁུལ་གྱི་གནད་དོན་མང་པོར་ཐག་གཅོད་ཐུབ་ཀྱི་ཡོད་ལུགས་བརྗོད་ཡོད་འདུག ཟའ་པ་སངས་ཉིན་པ་ཀི་སི་ཐན་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་ལྦུའུ་ཇིང་ཐའོ་དབར་མཇལ་འཕྲད་མ་གནང་སྔོན་ རྒྱ་ནག་གི་སྲིད་འཛིན་ལྦུའུ་ཇིང་ཐའོ་ཡིས་ད་རེས་ཀྱི་པ་ཀི་སི་ཐན་གྱི་སྲིད་བློན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པའི་ཐོག་ནས་ཡུལ་གྲུ་གཉིས་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་དང་ མཉམ་ལས་བྱ་རྒྱུ་དེས་ཡུལ་གྲུ་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་མཚོན་ཐུབ་ལུགས་འགྲེལ་བརྗོད་བྱས་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎