པ་ཀི་སི་ཐན་གྱིས་དྲག་སྤྱོད་པར་གཏོར་རྒོལ་མགྱོགས་མཚམས།
2009.06.28
༄༅༎པ་ཀི་སི་ཐན་གྱི་སྲིད་བློན་ཇི་ལ་ནི་མཆོགགིས་ཡུལ་དེའི་མཱ་ལ་ཀན་གཙོས་པའི་ས་ཁུལ་ཁག་ནང་དྲག་སྤྱོད་པ་གཏོར་རྒོལ་གཏོང་རྒྱུའི་ལས་དོན་གང་མགྱོགས་མཚམས་འཇོག་བྱ་རྒྱུ་ཡིན་ལུགས་གསུངས་འདུག
དྲག་པོའི་འཇིགས་སྐུལ་རིང་ལུགས་པས་པ་ཀི་སི་ཐན་གྱི་མཱ་ལ་ཀན་ས་ཁུལ་གྱི་ཁ་ཆེའི་ཆོས་དཔོན་དང་མཁས་པ་སཱར་ཕ་རཛེ་ནི་མི་ཞུ་བ་དཀྲོངས་པར་ཐུགས་གསོའི་ཆེད་ད་རིང་ཁ་ཆེའི་ཕྱག་ཚལ་ཁང་ཇ་མི་ཡ་ན་ཨི་མི་ཡ་ལ་ཕེབས་པའི་རྗེས་པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སུཕ་ར་ཛ་ཇི་ལ་ནི་མཆོག་གིས་གོང་ཞུས་གཏམ་བཤད་དེ་གནང་བ་མ་ཟད་དུས་སྐབས་འདིར་པ་ཀི་སི་ཐན་གྱིས་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་དེ་ཚོའི་མཉམ་དུ་གྲོས་མོལ་བྱ་རྒྱུའི་ཚབ་ལ་མཐའ་མའི་ཐག་གཅོད་གནང་ལུགས་ཀྱང་ད་རིང་གྲོང་ཁྱེར་ལ་ཧོར་ནང་གསར་འགོད་པར་གསུངས་འདུག ཡང་ཁོང་གིས་པ་ཀི་སི་ཐན་གཞུང་གི་རྐང་དམག་གཙོས་པའི་དམག་མི་ཚོས་བློ་ཁོག་མེད་པའི་རྒྱལ་ཁབ་ཀྱི་དགྲ་བོ་དང་དམག་མིར་འཇབ་རྒོལ་བྱེད་མཁན་གྱི་དགྲ་ཚོར་དམག་ཐབས་བྱེད་ཀྱི་ཡོད་ལུགས་དང་ཏ་ལི་སྦན་ཁ་ཆེའི་དྲག་སྤྱོད་པ་ཚོས་པ་ཀི་སི་ཐན་ནང་ཕྱིའི་རྒྱལ་ཁབ་ཁག་གིས་ལས་འཆར་དོན་དུ་གཉེར་གྱི་ཡོད་ལུགས་ནག་ཉེས་ཀྱང་བཙུགས་ཡོད་པའི་གནས་ཚུལ་འདུག།