པ་ཀིས་ཐན་གྱི་ཕྱི་སྲིད་བློན་ཆེན་ནས་ཨ་རི་ལ་ཉེན་བརྡ།

པ་ཀིས་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨ་རི་ལ་གྱོང་གུད་འཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ།

2011.09.23

༄༅༎དེ་རིང་ པ་ཀིསི་ཐན་ ཕྱོགས་ནས། གལ་ཏེ་ཨ་མི་རི་ཀས་མུ་མཐུད་ནས་་ ཨཕ་སྒ་ནིས་ཐན་ ནང་དུ་ཨ་རིའི་གཞུང་ཚབ་གཏོར་རྒོལ་བཏང་མཁན་ནང་ པ་ཀིས་ཐན་ གྱི་གསང་བའི་ལས་ཁུངས་ཡོད་པའི་ཉེས་འཛུགས་མུ་མཐུད་བྱས་ན། པ་ཀིས་ཐན་ དང་ཨ་རིའི་མཐུན་ཕྱོགས་ཀྱི་འབྲེལ་ལམ་ལ་གནོད་འཚེ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཆེས་མཐོའི་དམག་དཔོན་ཞིག་གིས། གཟའ་འཁོར་སྔོན་དེར་ ཨཕ་སྒ་ནིས་ཐན གྱི་རྒྱལ་ས་་ཀ་སྦུལ ནང་གི་ཨ་རིའི་གཞུང་ཚབ་ཁང་གཏོར་རྒོལ་བཏང་མཁན་ལ་ པ་ཀིས་ཐན་ གྱི་གསང་བའི་ལས་ཁུངས་ཀྱིས་རྒྱབ་སྐྱོར་བྱས་ཡོད་པའི་སྐྱོན་བརྗོད་གནང་བར་བརྟེན་ནས། པ་ཀིས་ཐན་ གྱི་ཕྱི་སྲིད་བློན་ཆེན་ལྕམ་་ཧི་ནྰ་ རབ་བྰ་ནི་ཁར མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སུ་ཕེབས་ཡོད་པ་ལྟར། ནེའུ་ཡོག་ཏུ་ཡོད་པའི་ པ་ཀིས་ཐན་ གྱི་བརྙན་འཕྲིན་ལས་ཁང་ཞིག་གིས་བཅར་དྲི་དང་ལེན་གནང་སྐབས། ང་ཚོས་ཨ་མི་རི་ཀར་བརྡ་ལན་ཞིག་སྤྲོད་རྒྱུ་ཡོད། དེ་ནི་ཁྱེད་ཚོའི་མཐུན་ཕྱོགས་རྒྱལ་ཁབ་ པ་ཀིས་ཐན་ དང་མཐུན་ཕྱོགས་ཀྱི་འབྲེལ་ལམ་མེད་པ་འགྱུར་རྒྱུ་དང༌། ང་ཚོའི་ངོས་ནས་ཨ་རི་དང་མུ་མཐུད་མཐུན་ཕྱོགས་གནས་ཐབས་འབད་བརྩོན་ཞུ་ཐབས་མེད་ཅེས་དང༌། ཨ་མི་རི་ཀའི་ཕྱོགས་ནས་མུ་མཐུད་ པ་ཀིས་ཐན་ལ་སྐྱོན་འཛུགས་གང་འདོད་བཞིན་བྱེད་པ་ཡིན་ན། སོ་སོ་རང་ཉིད་ལ་གྱོང་གུད་ཕོག་གི་རེད། པ་ཀིས་ཐན་ གྱི་མི་སེར་ཚོས་ཤེས་དགོས་པ་ནི། པ་ཀིས་ཐན་ རྒྱལ་ཁབ་ནི་དམག་དོན་དང༌། དཔལ་འབྱོར་གང་གི་ཐད་ནས་ཨ་མི་རི་ཀར་བརྟེན་མེད་པ་གསལ་པོ་ཤེས་རྟོག་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད།། 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎