རྒྱ་གར་གྱི་སྐྱོན་བརྗོད་ལ་པ་ཀི་སི་ཐན་གྱི་ལན།

རྒྱ་གར་གྱི་སྲིད་བློན་མཆོག་གིས་མུམ་སྦའེ་སྐོར་སྐྱོན་བརྗོད་ལ་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བློ་ཕམ་ཆེན་པོ་བྱུང་སྐོར་གསུངས་ཡོད་པ་རེད།

2009.01.07

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་གིས་རེས་གཟའ་མིག་དམར་ཉིན་སྔ་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་སྤྱོད་པས་དྲག་ལས་སྤེལ་བའི་ལས་འགུལ་དེར་པ་ཀི་སི་ཐན་གྱི་གཞུང་འབྲེལ་ཚན་པ་ཁག་ཅིག་གི་རྒྱབ་སྐྱོར་ཡོད་པ་གང་ཙམ་མངོན་གྱི་ཡོད་པའི་སྐྱོན་བརྗོད་ལ་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བློ་ཕམ་ཆེན་པོ་བྱུང་སྐོར་གསུངས་ཡོད་པ་རེད།

དེ་ཡང་ཁོང་གིས་རྒྱ་གར་སྲིད་བློན་མཆོག་གི་སྐྱོན་བརྗོད་ལ་དགག་ལན་དུ་གནད་ལུགས་ཆ་ཚང་རྟོགས་ཐུབ་མཁན་གྱི་མཁྱེན་རྒྱ་ཡངས་པའི་དབུ་ཁྲིད་ཅིག་གིས་སྐྱོབ་བཙུགས་དེ་འདྲ་ཞིག་གནང་བར་བློ་ཕམ་ཆེན་པོ་བྱུང་ཞེས་དང་རྒྱ་གར་གཞུང་གིས་ཕུགས་བསམ་གྱི་དགོངས་པ་ཆེན་པོ་ཞིག་བཞེས་ཐུབ་ཀྱི་མེད་པ་དང་གལ་ཏེ་དེ་ལྟར་བཞེས་ཐུབ་ཀྱི་ཡོད་ན་སྐྱོན་བཙུགས་དེ་ལྟ་བུ་ཞིག་གི་རྗེས་ང་ཚོས་རྒྱ་གར་གྱི་ལྷན་དྲག་སྤྱོད་བཀག་སྡོམ་ལ་ལས་འཁུར་མཉམ་ལས་གང་འདྲ་ཞུ་དགོས་ཀྱི་རེད་དམ་ཅེས་དང་ཡང་ཁོང་གིས་གལ་ཏེ་ང་ཚོས་དྲག་སྤྱོད་བཀག་སྡོམ་གྱི་ལས་འཆར་ལ་མཉམ་ལས་ཞུ་དགོས་ཀྱི་ཡོད་ཚེ་ང་ཚོར་སྐྱོན་བཙུགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་གྱུར་ཡོད་ཅེས་ཁོང་གིས་དེ་རིང་ཨབ་ག་ནི་སི་ཐན་གྱི་རྒྱལ་ས་ཀ་སྦུལ་ནང་གཟིགས་བསྐོར་གྱི་སྐབས་གསར་འགོད་ལྷན་ཚོགས་ཀྱི་ཐོག་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎