རྒྱ་གར་སྲིད་བློན་གྱི་གསུང་བཤད་ལ་པ་ཀིསི་ཏན་ནས་སྐྱོན་བརྗོད།

པཀིསི་ཏན་གྱིས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ནས་བཅར་འདྲིར་ལན་འདེབས་གནང་བ་ཁག་ཅིག་ལ་སྐྱོན་བརྗོད་གནང་ཡོད་པ་རེད་

2009.11.23

༄༅༎པཀིསི་ཏན་གྱིས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ནས་ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ལས་ཁང་གི་བཅར་འདྲིར་ལན་འདེབས་གནང་བ་ཁག་ཅིག་ལ་སྐྱོན་བརྗོད་གནང་ཡོད་པ་རེད་

དེ་ཡང་པཀིསི་ཏན་གྱི་ཕྱི་སྲིད་བློན་ཆེན་ཤའ་མེ་མུརྡ་ཁུ་རེ་ཤི་ནས་པཀསི་ཏན་གཞུང་གིས་ཡུལ་གྱི་དྲག་པོའི་དཔུང་དམག་ལ་བཏང་འཛིན་བྱེད་ཐུབ་ཀྱི་མེད་པ་དང་པཀིསི་ཏན་དང་ཨ་མི་རི་ཀས་ཨཕ་གྷ་ནི་སི་ཏན་ཐོག་འཛིན་པའི་སྲིད་བྱུས་དེ་མཐུན་ཀྱི་མེད་སྐོར་གྱི་རྒྱ་གར་སྲིད་བློན་གྱི་བཀའ་མོལ་དེར་སྐྱོན་བརྗོད་གནང་ཡོད་པ་རེད་       པཀིསི་ཏན་གྱི་ཕྱི་སྲོད་བློན་ཆེན་མཆོག་གིས་རྒྱ་གར་གྱི་སྲིད་བློན་མཆོག་ནས་གོང་ཞུས་ཀྱི་བཀའ་མོལ་དེ་གསུངས་དགོས་པའི་རྒྱུ་མཚན་ནི་རྒྱ་གར་ངོས་ནས་པཀིསི་ཏན་དང་ཞི་མོལ་གནང་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་ཞིག་ཡིན་སྐོར་གསུངས་འདུག          སྔ་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའི་ནང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་བྱུང་རྗེས་རྒྱ་གར་གྱིས་པཀིསི་ཏན་དང་ཞི་འགྲིག་གནང་རྒྱུའི་ལོ་ངོ་ལྔ་སོང་བའི་ལས་འཆར་དེ་སོར་གནས་གནང་མེད་པ་རེད་            ཡང་རྒྱ་གར་གྱི་སྲིད་བློན་མཆོག་གིས་པཀསི་ཏན་གྱི་རྡུལ་ཕྲན་མཚོན་ཆ་ཁག་འཇིགས་སྐུལ་དྲག་སྤྱོད་པའི་ལག་པར་ཐེག་པའི་ཉེན་ཁ་ཡོད་སྐོར་གྱི་བཀའ་མོལ་དེར་པཀིསི་ཏན་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་ངོས་ལེན་གནང་མེད་པ་རེད་            ཨ་མི་རི་ཀ་དང་རྒྱ་གར་གྱི་ཡུལ་གཉིས་ཨཕ་གྷ་ནི་སི་ཏན་མངའ་ཁུལ་གྱི་སྲུང་སྐྱོབ་ཐོག་ཐུགས་འཚབ་ཡོད་ནའང་རྒྱ་གར་གཞུང་དང་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ཨ་མི་རི་ཀས་པཀསི་ཏན་གཞུང་གི་ཐུགས་འདོད་ལྟར་མངའ་ཁུལ་གྱི་འཇིགས་བསྐུལ་དྲག་སྤྱོད་པར་གདོང་ལེན་གནང་ཕྱོགས་དེར་འདོད་བློ་ཁེངས་ཀྱི་མེད་པ་རེད་ དེ་བཞིན་པཀསི་ཏན་ཕྱོགས་ནས་རྒྱ་གར་ཙམ་མ་ཟད་ཨཕ་གྷ་ནི་སི་ཏན་ནང་འཇིགས་བསྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བར་ཨ་མི་རི་ཀའི་དལྟའི་མངའ་ཁུལ་ཐོག་འཛིན་པའི་སྲིད་བྱུས་དེ་ཕན་ཐོགས་དེ་ཙམ་མེད་པའི་རྒྱ་གར་གྱི་དགོངས་ཚུལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎