རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ།

རྒྱ་ནག་ཡུན་ནན་ཞིང་ཆེན་ཡའོ་ཨན་རྫོང་ནང་ཕྱི་ཚེས་དགུ་ཉིན་ས་འགུལ་གྱི་གནོད་འཚེ་ཕོག་ནས་མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།

2009.07.10

༄༅༎རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཡའོ་ཨན་རྫོང་ནང་ཕྱི་ཚེས་དགུ་ཉིན་ས་འགུལ་གྱི་གནོད་འཚེ་ཕོག་ནས་མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ད་བར་མི་གྲངས་༣༢༨ལ་རྨས་སྐྱོན་ཕོག་ཡོད་ཅིང་སྡོད་ཁང་ཁྲི་གཅིག་དང་བརྒྱད་སྟོང་ལྷག་ཙམ་རྩ་བརླག་ཕྱིན་ཡོད་པ་རེད།

ཨ་རིའི་ས་འགུལ་རྟག་དཔྱད་ལས་ཁང་གི་ཟིན་ཐོ་གཞིར་ཟུང་བྱས་ན་ཡུན་ནན་ཞིང་ཆེན་གྱི་ཡའོ་ཨན་རྫོང་ནས་ཕྱི་ཚེས་དགུའི་ཕྱི་དྲོ་ཚོུད་བདུན་དང་སྐར་མ་བཅུ་དགུ་ཙམ་གྱི་ཐོག་ས་འགུལ་འགུལ་ཚད་༥།༧བྱས་པ་ཞིག་བརྒྱད་ཡོད་པ་དང་ས་འགུལ་གྱི་འགུལ་ཤུགས་ཡུན་ནན་གྱི་རྒྱལ་ས་ཁུན་མིང་དང་གྲོང་ཁྱེར་གླི་ཅང་།ཏག་ལི་སོགས་ས་གནས་ནང་ལ་ཡང་ཚོར་བ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་ཕྱི་ཚེས་བཅུ་བར་ས་འགུལ་གྱི་གནོད་འཚེ་ཡའོ་ཨན་རྫོང་གཙོས་པའི་རྫོང་ཁག་དྲུག་དང་གྲོང་སྡེ་༥༥ཙམ་གྱི་ནང་གནོད་འཚེ་ཕོག་མཁན་མི་གྲངས་ས་ཡ་གཅིག་ཡན་ཟིན་གྱི་ཡོད་པ་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎