མི་དམངས་ཐེར་འབུམ་༢ལྷག་ལ་འཕྲོད་བསྟེན་དཀའ་ངལ་ཡོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ནང་དུ་མི་དམངས་ཐེར་འབུམ་གཉིས་ལྷག་ལ་འཕྲོད་བསྟེན་མི་འདེངས་བའི་དཀའ་ངལ་ཡོད་པ་གསུངས་འདུག

2008.07.18

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ནང་དུ་མི་དམངས་ཐེར་འབུམ་གཉིས་ལྷག་ལ་འཕྲོད་བསྟེན་མི་འདེངས་བའི་དཀའ་ངལ་ཡོད་པའི་སྐོར་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་ཞིག་འགྲེམས་སྤེལ་གནང་བའི་ནང་གསུང་ཡོད་པ་དང་། ད་དུང་མ་འོངས་པའི་ལོ་བདུན་ནང་ཚུད་ལ་མི་དམངས་མང་ཆེ་བར་གཞི་རྩའི་འཕྲོད་བསྟེན་གྱི་མཐུན་འགྱུར་མི་འདེངས་བའི་དཀའ་ངལ་ཆེན་པོར་ལྷུང་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད། སྙན་ཐོ་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གི་འགན་འཛིན་ ཨེན་ལྦེ་ནེ་མེན་ གྱིས་གསུང་ན། སྟོང་ལོ་གསར་པའི་འཕྲོད་བསྟེན་ཡར་རྒྱས་ཀྱི་དམིགས་ཡུལ་ནི་འཛམ་གླིང་ནང་གི་མི་དམངས་ས་ཡ་༧༠༠ འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་ཡང་དམིགས་ཡུལ་གཞི་བཟུང་ཡར་རྒྱས་མེད་པར་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་སྐོར་གསུང་པ་དང་དེའི་ནང་ནས་འཕྲོད་བསྟེན་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡུལ་ནི་ཨཕ་རི་ཀ་དང་ལྷོ་ཨཕ་རི་ཀའི་མི་འབོར་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་འཕྲོད་བསྟེན་གྱི་རོགས་རམ་བརྒྱ་ཆ་༡༠ ལྷག་ཡིན་ཡང་དེ་ནི་ཚད་གཞི་ལས་ཉུང་བ་ཡིན་པ་དང་ཡུལ་གྲུ་དེ་དག་ནང་གི་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་དམིགས་ཡུལ་ཐོག་སླེབས་ཐུབ་པའི་རོགས་རམ་དགོས་གལ་ཆེ་ཡིན་པ་གསུང་ཡོད་པ་རེད། དེ་ཡང་དཔེ་མཚོན་ཞིག་ནི། ཕྱི་ལོ་༡༩༩༠ ནས་༡༩༩༦ བར་ལ་ཨཕ་རི་ཀ་དང་ལྷོ་ཨཕ་རི་ཀའི་ཡུལ་གྲུའི་ནང་གསང་སྤྱོད་གཙང་མ་བཟོ་རྒྱུའི་མཐུན་རྐྱེན་རོགས་རམ་ཐོབ་པ་ནི་མི་འབོར་གྱི་བརྒྱ་ཆ་གཉིས་ཁོ་ན་ཡིན་པ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎