༧གོང་ས་མཆོག་གིས་དཀའ་ངལ་མང་པོ་ཞིག་བདེན་བཞི་བསམ་བློ་གཏོང་བའི་སྒོ་ནས་གདོང་ལེན་བྱེད་ན་ཕན་ཐོགས་ཡོད་པ་བཀའ་གནང་འདུག

2021.12.17
༧གོང་ས་མཆོག་གིས་དཀའ་ངལ་མང་པོ་ཞིག་བདེན་བཞི་བསམ་བློ་གཏོང་བའི་སྒོ་ནས་གདོང་ལེན་བྱེད་ན་ཕན་ཐོགས་ཡོད་པ་བཀའ་གནང་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མདོ་སྡེ་དྲན་པ་ཉེར་བཞག་གཞིར་བཟུང་ནས་བཀའ་ཆོས་བསྩལ་གནང་མཛད་ཡོད་པ།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། མ་ཡ་མར། ཤྲཱི་ལངྐ། ཐཡེ་ལནྜ་བཅས་ཀྱི་དད་ལྡན་ཆོས་ཞུ་རྣམས་ལ་གཙོ་བོར་དམིགས་ནས། པ་ལིའི་སྐད་དུ་ཡོད་པའི་མདོ་སྡེ་དྲན་པ་ཉེར་བཞག་གཞིར་བཟུང་ནས་བཀའ་ཆོས་བསྩལ་བའི་སྐབས། རྒྱུན་དུ་འགྲོ་བ་མིའི་སྤྱི་ཚོགས་ནང་དཀའ་ངལ་རིགས་འཕྲད་པའི་སྐབས། དེའི་རྒྱུ་རྐྱེན་སོགས་ཀྱི་ཐད་བསམ་བློ་ཞེ་དྲག་གཏོང་གི་མེད་པར། འཕྲལ་དུ་ཁོང་ཁྲོ་ལང་པ་དང་། ང་རྒྱལ་སྐྱེས་པ་སོགས་ཡོང་གི་ཡོད་པས། དེ་དག་ལ་གདོང་ལེན་བྱེད་པར་གཙོ་བོ་སོ་སོའི་བདེ་སྡུག་ཟེར་བ་དེ་ལས་ཀྱི་དབང་གི་ཡོང་གི་ཡོད་པ་བསམ་བློ་གཏོང་དགོས་པ་མ་ཟད། དེང་གི་དཀའ་ངལ་མང་པོ་ཞིག་ལ་བདེན་བཞི་བསམ་བློ་གཏོང་བའི་སྒོ་ནས་གདོང་ལེན་བྱས་པ་ཡིན་ན་ཧ་ཅང་གི་ཕན་ཐོགས་ཡོད་པ་བཀའ་གནང་གནང་ཡོད་པ་རེད།
ད་རེས་ཉིན་གཉིས་རིང་གི་བཀའ་ཆོས་འདི་ནི་བྷེངྒ་ཀོཀ་དུ་ཡོད་པའི་སུཨན་མོཀྐ་བྷུ་དྷ་དྷ་སའི་ཡིག་མཛོད་(Suan Mokkha Bangkok)དང་། ཨིན་ཌོ་ནེ་ཤི་ཡར་ཡོད་པའི་ཏང་གྷེརནྒ་བྷན་ཏེན་(Tangerang-Banten) ནང་པའི་ཚོགས་པ། མ་ལི་ཤི་ཡར་ཡོད་པའི་ཐེ་ར་ཝརྜའི་(Theravada)ནང་པའི་ཆོས་ཚོགས། ཤྲཱི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་སྒྲིལ་ཚོགས་པ(Sri Lanka Tibetan Buddhist Society) ཨེ་སིཨན་དྷམྨ་དྷུ་ཏའི་(Asean Dhammaduta)ལས་གཞི་ཚོགས་པ། སིངྒ་པུར་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་ཚོགས་པ་( Tibetan Buddist Center Singapore) བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་གནང་མཛད་ཡོད་པ་རེད།
ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་འདི་ནི་འདི་ཚེས་༡༧ ནས་༡༨ ཉིན་གྲངས་ཉིན་གྱི་རིང་སྩལ་གནང་མཛད་རྒྱུ་ཡིན་ཞིང་། སྤྱི་ཟླ་༡༢ ཚེས་༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་རུ་ཡ་ནའི་རའོ་ཌག་ས་གནས་སཡ་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བྱམས་པ་དང་བརྩེ་བས་དཀའ་ངལ་གཏོང་ལེན་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག  ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎