བོད་དོན་འཐབ་རྩོད་པ་ཁག་ཅིག་གིས་སུད་སི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གི་ལས་ཁུང་ཨ་མའི་མདུན་དུ་ངོ་རྒོལ་གནང་ཡོད་པ།

ཕྱི་ཚེས་༢༦ཉིན་སུད་སི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གི་ལས་ཁུང་ཨ་མའི་མདུན་དུ། བོད་དོན་འཐབ་རྩོད་པ་འཆི་མེད་ལྷ་མོ་ལགས་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གཉིས་གཙོས་པའི་ལས་འགུལ་བ་ཁག་ཅིག་གིས། ༢༠༢༢་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་བཀག་འགོག་བྱ་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། པུར་སྒམ་ནག་པོ་ཞིག་གི་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་དབུ་བརྙེས་པའི་ལོ་ཟླ་བྲིས་ཡོད་པ་དང་། ༢༠༢༡ལོར་ཤི་ཚར་བའི་མཚོན་ཐབས་ཀྱི་ལོ་ཚེས་དེ་བཀོད་ནས་འཕྲེད་དར་ཐོག་༢༠༢༢པེ་ཅིང་ཨོ་རྩལ་བཀག་འགོག་བྱ་དགོས་པ་བརྗོད་འདུག
སྐབས་དེར་ཁེ་ན་ཌ་ནས་ཡིན་པའི་ན་གཞོན་བུད་མེད་བོད་དོན་འཐབ་རྩོད་པ་འཆི་མེད་ལྷ་མོ་ལགས་ཀྱིས། རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པར་བོད་མི་ཚོས་ཡང་ནས་ཡང་དུ་ཁྱེད་ཚོའི་བྱ་སྤྱོད་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། ད་ལྟའི་བར་དུ་ཁྱེད་ཚོའི་ངོས་ནས་འགྱུར་བ་གང་ཡང་བཏང་མེད་པར་བརྟེན། དུས་འདི་ནས་བཟུང་ཁྱེད་ཚོ་དང་འབྲེལ་བ་གང་ཡང་མེད་ང་ཚོས་རྒྱལ་སྤྱིའི་ཐོག་གཞུང་འབྲེལ་ཁག་ལ་ཨོ་རྩལ་བཀག་འགོག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གིས་བོད་ནང་དང་། ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་བརྟེན་ནས། རྒྱལ་སྤྱིའི་ཨོ་རྩལ་རྒྱ་ནག་ལ་འཚོགས་རྒྱུའི་གོ་སྐབས་སྤྲད་པ་དེ་ནོར་འཁྲུལ་ཅན་ཞིག་ཡིན་པ་སྐྱོན་བརྗོད་བྱེད་བཞིན་ཡོད། ཡིན་ན་ཡང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ཆུང་གིས་དེ་ནི་རྒྱ་ནག་ལ་བཟང་ཕྱོགས་སུ་འདྲེན་ཐུབ་པའི་ནུས་པ་ཡོད་པ་ཞིག་རེད་ཅེས་དང་། ཚོགས་པའི་ངོས་ནས་རང་བཙན་ལྡན་པའི་རྒྱལ་ཁབ་ཚོར་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་པའི་ནུས་པ་མེད་ཅེས་བརྗོད་ཡོད་པ་རེད།
དེ་རིང་གི་ལས་འགུལ་འདི་བཞིན་ཕྱི་ལོ་༢༠༢༢ལོར་པེ་ཅིང་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་རྩེད་འགྲན་ལ་ངོ་རྒོལ་བྱེད་མཁན་མཐུན་ཚོཌ་ཚོགས་སྡེ་༢༠༠ལྷག་ཙམ་ཡོད་པ་དེ་དག་གི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་རེད། ལས་འགུལ་དེ་བཞིན་ད་ལམ་ཨོ་ལིམ་པིཀསི་རྩེད་འགྲན་ཚོཌ་ཆུང་གིས་རྒྱ་ནག་གི་ཊེ་ནི་སེ་རྩེད་འགྲན་མ་(Peng Shuai)ལ་བཙན་དབང་གིས་འཁྲིག་སྤྱོད་བྱས་པའི་གནས་ཚུལ་གཡོལ་ཐབས་བྱས་པ་དང་ཁེ་སང་ཁོ་ནའི་ཆེད་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་བཏང་བར་མ་བཟོད་པའི་རྣམ་པ་བསྟན་པ་ཞིག་ཡིན་འདུག།
ངོ་རྒོལ་བ་ཚོས་ཨོ་ལིམ་པིཀསི་རྩེད་འགྲན་ཚོཌ་ཆུང་གིས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ། ལྷོ་སོག་པོ་དང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པ་པ་རྣམས་སྣང་མེད་བཏང་སྟེ་རྒྱ་ནག་གི་ཕྱོཌ་གཏོགས་བྱེད་ཀྱི་ཡོད་ལུཌ་སྐྱོིན་བརྗོད་བྱས་འདུག
འཆི་མེད་ལྷ་མོ་ལཌ་ཀྱིས་ཨོ་ལིམ་པིཀསི་རྩེད་འགྲན་ཚོཌ་ཆུང་གིས་རྒྱ་ནག་དང་བསྟུན་མཁས་ཁོ་ནའི་ཐོག་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེད་ཡ་རབས་བཟང་སྤྱོད་དོར་ཡོད་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་༢༠༢༢འི་རྩེད་འགྲན་ནས་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་གནང་འདུག།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག