ཨོ་ལིམ་པིག་རྩེད་འགྲན་པས་རྒྱ་གཞུང་ལ་འབོད་སྐུལ་ཡི་གེ་བཏང་བ།

ཨོ་ལིམ་པིག་རྩེད་འགྲན་པ་བཞི་བཅུ་ཙམ་གྱིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཐོག་གནོན་ཤུགས་ཀྱི་འབོད་སྐུལ་ཡི་གེ་བཏང་ཡོད་འདུག

2008.08.07

༄༅༎ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་མཁན་གྱི་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཡིན་པའི་རྩེད་འགྲན་པ་༤༠ ཙམ་གྱིས་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་སྔོན་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐབས་ལམ་ཐོག་ནས་སེལ་དགོས་པ་མ་ཟད། བོད་ཀྱི་ཆོས་ལུགས་དང་སྨྲ་བརྗོད་རང་དབང་ལ་སྲུང་བརྩི་ཞུ་དགོས་པའི་གནོན་ཤུགས་ཀྱི་འབོད་སྐུལ་ཡི་གེ་བཏང་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་གནང་བཞག དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུང་བར་གཞིགས་ན། ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་མཁན་གྱི་གོང་ཞུས་རྩེད་འགྲན་པ་དེ་དག་གིས་ཕྱིར་བསྒྲགས་བྱས་པའི་འབོད་སྐུལ་ཡི་གེ་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིང་ཐའོ་ཡིས་བོད་ཀྱི་གནད་དོན་དང་དེ་བཞིན་རྒྱ་ནག་ནང་གི་དེ་མིན་གྱི་རྩོད་རྙོག་ཐོག་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་དགོས་པའི་ཁར་བོད་མི་ཚུད་པའི་རྒྱ་ནག་གི་སྤྱི་འབངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ སྨྲ་བརྗོད་རང་དབང་ལ་སྲུང་བརྩི་ཞུ་དགོས་པ་སོགས་འཁོད་ཡོད་པ་རེད། འབོད་སྐུལ་ཡི་གེ་དེའི་ཐོག་ས་རྟགས་བཀོད་མཁན་གྱི་གྲས་སུ་འཛམ་གླིང་ནང་ནས་ད་བར་རྒྱུག་ཚད་མི་ཊར་༡༠༠ ཟིན་ཐོ་མཐོ་ཤོས་བླངས་མཁན་ཁྱུ་པའི་རྒྱུག་ཤར་རྩེད་འགྲན་པ་ ཌེ་རེན་རོ་སྦལ་སེ་ དང་ དེ་བཞིན་ཨ་རིའི་རྒྱུག་ཤར་རིང་ཚད་མི་ཊར་༤༠༠ རྩེད་འགྲན་པ་ ཌི་ཌི་ཀྲོ་རོ་ཀྲར་ མཐོ་མཆོངས་རྩེད་འགྲན་པ་ སྦ་ལང་ཀ་ལྦ་ལ་སིག་ སོགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎