༧གོང་ས་མཆོག་གི་མཚན་ཐོག་ནས་ཀངྒ་ར་རྫོང་ཉེན་རྟོག་པར་འཕྲོད་བསྟེན་ཡོ་བྱད་ཞལ་འདེབས་གནང་པ།


2020.05.19
༧གོང་ས་མཆོག་གི་མཚན་ཐོག་ནས་ཀངྒ་ར་རྫོང་ཉེན་རྟོག་པར་འཕྲོད་བསྟེན་ཡོ་བྱད་ཞལ་འདེབས་གནང་པ། ༧གོང་ས་མཆོག་གི་མཚན་ཐོག་ནས་ཀངྒ་ར་རྫོང་ཉེན་རྟོག་པར་འཕྲོད་བསྟེན་ཡོ་བྱད་ཞལ་འདེབས་གནང་པ།
spkangra

ཕྱི་ཟླ་ ༥ ཚེས་ ༡༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡིད་ཆེས་དགེ་རྩས་ཀངྒ་ར་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་སུ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་འབུ་གསར་པའི་རིམས་ནད་ཁྱབ་གདལ་སྔོན་འགོག་གི་ཆེད། སྒེར་གྱི་འགོག་སྲུང་ཡོ་བྱད་ ༢༠༠ དང་། ཆང་རྫས་ལག་འཁྲུ་ མི་ལི་ལི་ཊར་ ༥༠༠ ཅན་ ཤེལ་དམ་༢༠༠  ཁ་རས་ ༥༠༠༠ ཐམ་པ་དང་། ལག་ཤུབ་ ༣༠༠ བཅས་གསོལ་སྩལ་གནང་པར་ཀངྒ་ར་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག འདིའི་གོང་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ ཀངྒ་རྫོང་གི་ ཊན་ཌ་གཞུང་གི་སྨན་ཁང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགེ་རྩའི་མཚན་ཐོག་ནས་སྒེར་གྱི་འགོག་སྲུང་ཡོ་བྱད་ ༥༠༠༠ ཐམ་པ་གསོལ་སྩལ་གནང་ཡོད། སྨན་ཁང་འདིར་སྨན་གྱི་མཐོ་རིམ་སློབ་གྲྭ་ཞིག་ཀྱང་ཡོད་པ་རེད། སྨན་ཁང་དེའི་ལས་དོན་གཙོ་འཛིན་སྨན་མ་ དྷི་པཱ་ལི་ཤར་མ་ལགས་ཀྱིས་༧གོང་ས་མཆོག་གི་ཡིད་ཆེས་དགེ་རྩར་ཐུགས་རྗེ་ཆེ་ཞུས་གནང་འདུག་ཅིང་། ཁོང་གིས་འདི་དག་ནི་ང་ཚོར་མཁོ་ཆེ་བའི་དངོས་པོ་ཡིན་པ་གསུངས་འདུག བཞུགས་སྒར་རྡ་རམ་ས་ལ་ནི་ཀངྒ་རྫོང་གི་ཁྱབ་ཁོངས་ཡིན་ཞིང་། ཀངྒརའི་ཉེན་རྟོག་ལས་ཁུངས་ཀྱི་ངོ་གདོང་དྲ་རྒྱའི་ཐོག་མི་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བའི་མཆན་བཀོད་འདུག་པར་མ་ཟད། ཀངྒ་ར་རྫོང་ལས་ཁུངས་དང་དམིགས་བསལ་ཉེན་རྟོག་པས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་ཆེད་ནུས་པ་ཐོན་པའི་ལས་དོན་སྤེལ་བཞིན་པར་བསྔགས་བརྗོད་བྱ་མཁན་ཡང་མང་དག་ཞིག་མཐོང་རྒྱུ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎