བྱང་ཨ་རིར་ཉིན་རྒྱ་དུས་གཅིག་གི་ལས་འགུལ་སྤེལ་བ།

ལྷག་དཀར་ཉིན་བྱང་ཨ་རིའི་ཁྱབ་ཁོངས་སུ་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག།

2011.10.20

༄༅༎ཨ་རི་སྐུ་ཚབ་དོན་ཁང་གིས་གནས་ཚུལ་ཁྱབས་སྤེལ་བྱས་པའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་གཞིས་ལུས་མི་མང་རྣམས་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོར་འཛམ་གླིང་ཁྱོན་དུ་ཉིན་རྒྱ་དུས་གཅིག་ཏུ་ཟས་བཅད་མཆོད་འབུལ་གྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གྱི་དགོངས་དོན་གསལ་བསྒྲགས་གནང་བ་ལྟར། ཕྱི་ཚེས་ ༡༩ དེ་བཞིན་རེས་གཟའ་ལྷག་པ་འཁེལ་བའི་ལྷག་དཀར་གྱི་ཉིན་མོར་བྱང་ཨ་རི་ཁུལ་དུ་བོད་མི་གནས་ཡུལ་ས་གནས་གང་སར་གཞིས་ལུས་བོད་མི་ཚོས་འུ་ཐུག་ཐབས་ཟད་ངང་རང་སྲོག་དོར་ཏེ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་ ཟས་བཅད་མཆོད་འབུལ་དང་འབྲེལ་ལས་འགུལ་རྣམ་པ་སྣ་ཚོགས་སྤེལ་ཡོད་པ་རེད་ དེ་ཡང་བྱང་ཨ་མེ་རི་ཁའི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ས་ལྦ་ཤིང་ཀྲོན་དང་ཀེ་ལི་ཕོར་ནི་ཡ། ནིའུ་ཡོག ནིའུ་ཇར་སི་ པོཏ་ལེནདྲ་ མི་ནི་སོ་ཊ་ བྱང་ཀེ་ལི་ཕོར་ནི་ཡ་ ཨི་ཐི་ཐ་ ཕི་ལ་ཌེལ་ཕི་ཡ་ སྦོ་སི་ཀྲེན་ སི་ཡ་ཀྲལ་ ལྦ་ཤིང་ཀྲོན་ ཤའར་ལོཏསི་ལྦིལ་ ཡུའུ་ཀྲའ་ སེན་ཏ་ཕེ་ ཨའེ་ཌ་ཧོ་ ཁེ་ན་ཌའི་ཊོ་རན་ཊོ་དང་ མོན་ཀྲིཡོལ་ ཁེལ་ག་རི་བཅས་ཀྱི་ས་གནས་མང་ཆེ་བའི་ནང་གི་བོད་མི་ཚོས་ཟས་བཅད་མཆོད་འབུལ་གྱི་ལས་འགུལ་སྤེལ་བ་དང་། དུས་མཚུངས་བོད་ནང་གི་གནས་སྟངས་ཧ་ཅང་ཚབས་ཆེན་པོ་ཆགས་པའི་དུས་སྐབས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་། མི་མང་ཚོས་བོད་མི་ཚོར་རྒྱབ་སྐྱོར་དང་། གདུང་སེམས་མཉམ་བསྐྱེད་གནང་རོགས་ཞེས་ཡིག་ངག་གཉིས་ནས་འབོད་སྐུལ་ཞུས་ཡོད་འདུག ཆབས་གཅིག་ད་རེས་ཀྱི་ལས་འགུལ་དེའི་ཐོག་རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་རྒྱ་ནག་གི་དམ་བསྒྲགས་ཀྱི་སྲིད་བྱུས་མཚམས་འཇོག་ཡོང་ཐབས་དང་དྲང་བདེན་གྱི་ཞིབ་འཇུག་ཚོགས་པ་དང་། རང་དབང་གི་གསར་འགོད་པ་བོད་ནང་བསྐྱོད་ཐབས་དགོས་པའི་གཅིག་གྱུར་གྱིས་དགོས་འདུན་བཏོན་འདུག དེ་བཞིན་བྱང་ཨ་རིའི་ས་གནས་ཁག་མང་པོའི་ནང་ས་གནས་བོད་མི་ཚོས་གནས་ཡུལ་ས་གནས་གཞུང་དང་གྲོས་ཚོགས་ཉེ་འདབས་སུ་ཉིན་ཤས་སྔོན་ནས་མར་མེའི་ཁྲོམ་སྐོར་དང་།སྐད་འབོད། འདུ་འཛོམས། སྨོན་ལམ་གསུང་འདོན། སྙན་ཞུ་འབུལ་གཏོང་ས་རྟགས་བསྡུ་ལེན་ཡིག་ཆ་འགྲེམས་སྤེལ་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ཡོད་པ་རེད༎  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎