ཨ་རིས་ཨོསི་ཀྲོ་ལིར་དཔུང་དམག་བཀོད་སྒྲིག་གི་གསལ་བསྒྲགས།

ཨོསི་ཀྲོ་ལི་ཡའི་ནང་ཨ་རིའི་དམག་དཔུང་གི་རྟེན་གཞི་ཟུར་བཙུགས་ཀྱིས་དཔུང་དམག་མི་ཉུང་བ་ཞིག་བཀོད་སྒྲིག་བྱ་རྒྱུའི་གསལ་བསྒྲགས།

2011.11.18

༄༅༎ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་ཨོསི་ཀྲོ་ལི་ཡའི་གཞུང་གི་ལྷན་ཡུལ་གཉིས་ཀྱི་དབར་དམག་དོན་གྲོས་མོལ་བརྒྱུད་ ཨོསི་ཀྲོ་ལི་ཡའི་ནང་ཨ་རིའི་དམག་དཔུང་གི་རྟེན་གཞི་ཟུར་བཙུགས་ཀྱིས་དཔུང་དམག་མི་ཉུང་བ་ཞིག་བཀོད་སྒྲིག་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་
དེ་ཡང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཁ་ས་ཨོསི་ཀྲོ་ལི་ཡའི་གྲོས་ཚོགས་ལ་གསུང་བཤད་ཀྱི་ནང་ཨ་མི་རི་ཀས་ཨི་རག་དང་ཨབ་གན་ནིས་ཐན་ནང་དམག་འཐབ་མཇུག་སྒྲིལ་བྱ་འགོ་ཚུཌ་དང་འབྲེལ་ དམག་དཔུང་གི་ནུས་པ་དེ་ད་ཆ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བདེ་འཇགས་ཀྱི་ཆེད་བཀོད་སྒྲིག་བྱ་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་དང་ ཨ་མི་རི་ཀའི་ངོས་ནས་མངའ་ཁུལ་འདི་བདེ་འཇགས་ཀྱི་འགན་འཁུར་ བློས་གཏོང་གནང་རྩིས་མེད་པ་གསུངས་ཡོད་པ་རེད་
ཉེ་བའི་ལོ་ཤས་ནང་ རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་ཕྱིན་པ་དང་འབྲེལ་ རྒྱ་ནག་གི་དམག་དོན་སྟོབས་ཤུགས་དེ་ཡང་ཤུགས་ཇི་ཆེར་འགྲོ་བཞིན་པར་སོང་ ཉི་ཧོང་དང་ལྷོ་ཀོ་རི་ཡ་ ཐེ་ཝན་གྱི་གཙོས་ཤར་ཨེ་ཤེ་ཡའི་ཡུལ་ཁག་སྤྱི་ལ་ བློ་བདེ་མི་བ་ཆེན་པོ་ཞིག་བཟོ་བཞིན་ཡོད་པ་དང་ ཕྱོགས་མཚུངས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་གླེང་དང་འབྲེལ་ ལྦིཏ་ནམ་དང་ ཕི་ལི་པིནསི་སོགས་འབྲེལ་ཡོད་རྒྱལ་ཁབ་མང་པོར་དྲག་པོའི་འཇིགས་སྐུལ་བྱེད་བཞིན་པར་རྟེན་ མངའ་ཁུལ་ཡུལ་ཁག་གིས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་ཁ་གཏད་གཅོག་ཆེད་ཨ་མི་རི་ཀར་མངའ་ཁུལ་བདེ་འཇགས་ཀྱི་འགན་འཁུར་དགོས་པའི་སྐུལ་སློང་ཤུགས་ཆེ་ཡོང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎