ཨ་རིའི་སྲིད་འཛིན་འོས་མི་ཨོ་སྦ་མ་ཨོ་ལིམ་པིག་ཏུ་མི་ཕེབས་རྒྱ།

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་སྦ་རཀ་ཨོ་སྦ་མ་ནས་བོད་རྒྱའི་འབྲེལ་མོལ་གྲུབ་འབྲས་སོན་པ་ཞིག་དགོས་གསུངས་འདུག

2008.07.08

༄༅༎ཨ་མི་རི་ཀའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབར་མིག་མཐོང་ལག་ཟིན་ཐུབ་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་མངོན་རྒྱུ་མེད་པ་དང་ ལྷག་པར་དུ་ཏཱ་ལའི་བླ་མ་མཆོག་གི་སྐུ་ངོས་ནས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཐད་ཡར་རྒྱས་བྱུང་བཞིན་པའི་གཟིགས་ཚུལ་ཞིག་མེད་ཚེ་ང་ནི་ཨོ་ལིམ་པིཀས྄་ལ་འགྲོ་ཡི་མ་རེད་ཅེས་གཟའ་ཟླ་བ་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་ཏེ་སྲིད་འཛིན་ཇོར྄ཇ་སྦུཤ་མཆོག་གི་ཐག་གཅོད་དང་འགལ་ཟླའི་ལངས་ཕྱོགས་ཤིག་བཟུང་གནང་ཡོད་པ་རེད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གིས་འདིའི་སྔོན་སྲིད་འཛིན་སྦུཤ་མཆོག་ཨོ་ལིམ་པིཀས྄་གི་སྒོ་དབྱེའི་མཛད་སྒོར་ཕེབས་རྒྱུ་མེད་པའི་དགོངས་ཚུལ་བཏོན་གནང་ཡོད་པ་རེད།

འོན་ཀྱང་གཟའ་འཁོར་སྔོན་མར་སྲིད་འཛིན་སྦུཤ་མཆོག་ཟླ་བ་རྗེས་མའི་ནང་ཚུགས་རྒྱུའི་པེ་ཅིང་གི་ཨོ་ལིམ་པིཀས྄་ལ་ཕེབས་རྒྱུའི་གསལ་བསྒྲགས་གནང་ཞིང་འཛམ་གླིང་ཡུལ་གྲུ་ཇི་སྙེད་གཅིག་གི་དབུ་འཁྲིད་ཁག་གཅིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞེན་པོ་ཡོད་པ་དང་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་བཟུང་བཞིན་པའི་རྒྱུ་མཚན་གྱི་ཐོག་ནས་ ཨོ་ལིམ་པིཀས྄་ཡི་རྩེད་འགྲན་དུ་མི་ཕེབས་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་རེད།

གཟའ་འཁོར་སྔོན་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་ཆེད་ཕེབས་ཡོད་ན་ཡང་ཡར་རྒྱས་ཀྱི་གྲུབ་འབྲས་གང་ཡང་བྱུང་མེད་པ་གསལ་བསྒྲགས་གནང་ཡོད་ཅིང་ གནད་དོན་འདིའི་ཐད་གཟའ་ཟླ་བའི་ཉིན་སྐུ་ཞབས་ཨོ་སྦ་མས་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མ་མཆོག་དབར་གྱི་གྲོས་མོལ་ཐད་ཡར་རྒྱས་ཀྱི་གྲུབ་འབྲས་ཡོང་རྒྱུར་ཨ་མི་རི་ཀའི་ངོས་ནས་བརྒྱུད་བསྐུལ་གྱི་ཐབས་ལམ་ནུས་ཤུགས་ཆེ་ཙམ་ཞིག་བེད་སྤྱོད་གནང་ཡོད་པར་རེ་བ་བྱས་པ་ཡིན་ཞེས་དང་སྤྱིར་བཏང་ཕྱོགས་གཉིས་དབར་ཐུགས་འཕྲད་གྲོས་མོལ་ཐེངས་ཁ་ཤས་བྱུང་ཡོད་ན་ཡང་རྒྱ་ནག་གཞུང་གིས་གནད་དོན་འདིའི་ཐད་གུ་ཡངས་ཆེ་ཙམ་ཡོང་རྒྱུར་ང་ཚོའི་ངོས་ནས་ཤུགས་གནོན་ཆེ་ཙམ་མ་སྤྲད་པ་དེ་ནི་ཧ་ལས་དགོས་པ་ཞིག་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎