ཨ་རིའི་སྲིད་འཛིན་རྒྱ་གར་དུ་འཚམས་འདྲིར་ཕེབས་འཆར།

ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རིང་མིན་ཕྱི་ཟླ་༡༡པའི་འགོ་སྟོད་དུ་རྒྱ་གར་དུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད།

2010.09.24

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རིང་མིན་ཕྱི་ཟླ་༡༡པའི་འགོ་སྟོད་དུ་རྒྱ་གར་དུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་དང༌། སྲིད་འཛིན་གྱི་ལྕམ་མི་ཤེལ་རྒྱ་གར་གྱི་འཚམས་འདྲི་དེར་དོ་སྣང་ཆེན་པོ་གནང་གི་ཡོད་པའི་སྐོར་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དུ་ཕེབས་པའི་རྒྱལ་ཁབ་ཁག་སྐུ་ཚབ་ལ་ཨ་མི་རི་ཀས་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རང་འབྱུང་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་དུ་ཆེ་བསྟོད་ཀྱི་སྣེ་ལེན་ཞུས་པའི་སྐབས། སྲིད་འཛིན་ཨོ་སྦ་མ་ཡིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་ཁོང་རྒྱ་གར་དུ་འཚམས་འདྲིར་ཕེབས་རྒྱུའི་ཐུགས་རེ་ཡོད་པའི་གནས་ཚུལ་གསུང་ཡོད་དང་ལྕམ་མི་ཤེལ་གྱི་ཁོང་ཡང་རྒྱ་གར་དུ་འཚམས་འདྲིར་ཕེབས་རྒྱུའི་བཀའ་མོལ་གསུང་ཡོད་ལུགས་རྒྱ་གར་གྱི་ཕྱི་འབྲེལ་མི་སྣས་གསུང་ཡོད་པ་རེད། སྲིད་འཛིན་ཨོ་སྦ་མ་ཡིས་རྒྱ་གར་དུ་འཚམས་འདྲིར་ཕེབས་རྒྱུའི་འདུན་པ་ཡོད་པའི་སྐོར་དེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་གསུང་པ་ཙམ་མ་ཡིན་པར་ད་རེས་ནེའུ་ཡོག་ཏུ་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་སྲིད་འཛིན་ཨོ་སྦ་མ་ཡི་གསུང་བཤད་ནང་ལའང་ཁོང་འདི་ལོའི་དགུན་ཁ་ཨེ་ཤི་ཡའི་ཁུལ་དུ་འཚམས་འདྲིར་ཕེབས་རྒྱུ་དང་དེ་ཡང་རྒྱ་གར་དུ་འཚམས་འདྲིར་ཕེབས་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎