ཨོ་སྦ་མས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུར་བསྔགས་བརྗོད།

ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་ཧར་ཝརྜ་གསར་ཤོག་ནས་བསྔགས་བརྗོད་ཞུས།

2010.02.11

༄༅༎  ཨ་མི་རི་ཁའི་སྲིད་འཛིན་ཨོ་སྦ་མའ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་འཆར་ཡོད་པའི་གནད་དོན་དེའི་ཐད་རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲད་དེ་ཨ་རིའི་སྲིད་འཛིན་དང་༸གོང་ས་མཆོག་མཇལ་འཕྲད་གནང་ཚེ་དེས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་མིན་ལ་མ་བལྟོས་པར་ཨ་རིའི་སྲིད་འཛིན་སྲིད་འཛིན་ཨོ་སྦ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་གཏན་འཁེལ་བར་འགྱུར་བ་མེད་པར་གནས་ཡོད་པ་དེའི་ཐད་The Harvard Crimson ཞེས་པའི་གསར་ཤོག་ནང་སྲིད་འཛིན་ཨོ་སྦ་མའི་ཐག་གཅོད་དེར་བསྔགས་བརྗོད་ཞུས་ཡོད་པ་རེད།གང་ལགས་ཤེ་ན་ཨ་མི་རི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དང་མཇལ་མཕྲད་གནང་རྒྱུའི་སྐོར་དང་བོད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ཕྱོགས་ནས་དགོངས་བཞེད་དགོས་ལུགས་ཀྱི་སྐོར་སོགས་རྒྱ་ནག་གི་འགོ་ཁྲིད་ཧུ་ཅིང་ཐའོི་ལ་གསལ་བརྗོད་གནང་ཡོད་པ་ཞིག་ཀྱང་རེད།མ་ཟད་ཨ་མི་རི་ཁའི་ཕྱི་སྲིད་དྲུང་ཆེ་Hillary Clinton མཆོག་གིས་ཀྱང་རྒྱ་ནག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་མེད་པའི་སྐོར་གསལ་ བཏོན་གནང་ཡོད་པ་རེད།

དེ་བཞིན་ཨོ་སྦ་མའ་མཆོག་ལ་ཉེ་ཆར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་ཕུལ་རྒྱུ་སོགས་ཀྱི་མཚོིན་པས་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངམཇལ་འཕྲད་གནང་རྒྱུ་དེས་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་འབྲེལ་བར་དོ་ཕོག་འགྲོ་ཤེས་ཐབས་མེད་པ་དེ་གཉིས་གནས་ཚུལ་ཐ་དད་ཡིན་པའི་སྐོར་གསལ་འཁོད་བྱས་ཡོད་པ་རེད་  ཉེ་སྔོན་སྲིད་འཛིན་ཨོ་སྦ་མའ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་དང་སྦད་ཅིང་ལ་མཇལ་འཕྲད་གནང་སྐབས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་སྐོར་མུ་མཐུད་འཕྲོས་མོིལ་ཕྱོགས་གཉིས་ཐད་ནས་གནང་འདོད་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེདབོད་ནང་འགྲོ་བ་མིའི་ཐོིབ་ཐང་གི་ཐད་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་ཡོད་པ་དེ་ཚོའི་ནང་བོད་མིར་ཉེས་བརྡུང་བཏང་བ་དང་བོད་མི་མང་པོ་ཞིག་ག་སོང་ཆ་མེད་དུ་སོང་བའི་གནས་ཚུལ་སོགས་བོད་མིའི་རང་དབང་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་ཡོད་པའི་གནད་དོན་དེ་ཚོའི་སྐོར་སོགས་བོད་མིའི་དབུ་ཁྲིད་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་སྐབས་བཀའ་བསྡུར་གནང་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎