ཨ་རིའི་སྲིད་འཛིན་ཨོ་བྷ་མས་པེ་ཅིན་ནས་གཏམ་བཤད།


2014.11.10
ཨ་རིའི་སྲིད་འཛིན་ཨོ་བྷ་མས་པེ་ཅིན་ནས་APECཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༤།༡༡།༡༠ ཨ་རིའི་སྲིད་འཛིན་ཨོ་བྷ་མས་པེ་ཅིན་ནས་APECཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ། ༢༠༡༤།༡༡།༡༠
AFP

སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་ལ་གུས་བརྩི་ཞུ་དགོས་པ་པེ་ཅིན་ནས་གཏམ་བཤད་གནང་འདུག
དེ་ཡང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་དེ་བཞིན་ཡར་རྒྱས་གོང་འཕེལ་དང་། ཞི་བདེ་ལྷིང་འཇགས་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འབུར་དུ་ཐོན་བཞིན་པར་ཨ་མེ་རི་ཀས་དགའ་བསུ་ཞུ་གིན་ཡོད། འོན་ཀྱང་རྒྱ་ནག་གིས་རང་གི་ཁྲོམ་ར་དང་དམ་བསྒྲགས་ཆེ་བའི་དངུལ་གྱི་འཛའ་ཐང་བརྗེ་འགྱུར་ལ་རང་དབང་ཆེ་ཙམ་སྤྲོད་དགོས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་། གསར་འགོད་རང་དབང་ལ་གུས་བརྩི་ཞུ་དགོས་སྐོར་དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་འཚོགས་བཞིན་པའི་APECཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གྱི་ལྷན་ཚོགས་ཐོག་གཏམ་བཤད་གནང་ཡོད་པ་རེད། ད་དུང་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྔ་ལོ་རྒྱ་ནག་ནས་ཨ་མེ་རི་ཀའི་ནང་ཡོང་མཁན་རྒྱ་མི་འབུམ་གཅིག་དང་གྲངས་ཆུང་བརྒྱད་ཙམ་སླེབས་སྟབས་ཨ་རིའི་དཔལ་འབྱོར་ལ་མ་དངུལ་ཐེར་འབུམ་༢༡་ཙམ་ལེགས་སྐྱེས་དང་ལས་ཀ་ཆིག་འབུམ་ལྷག་ལ་རྒྱབ་སྐྱོར་བྱས་སྟབས་ཨ་རིའི་ནང་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་ཕྲུག་ཚོའི་ཐོངས་མཆན་གྱི་དུས་ཡུན་ལོ་ལྔ་བར་ཕར་འགྱངས་དང་། ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་ཐོངས་མཆན་ལོ་བཅུའི་རིང་ཕར་འགྱང་བྱ་རྒྱུ་ཡིན་ལུགས་དང་། དེ་ལ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཕྱག་རོགས་གནང་རྒྱུའི་ཞལ་བཞེས་གནང་བར་ཁོང་ཐུགས་དགྱེས་པོ་བྱུང་སྐོར་གསུངས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎