འཛམ་གླིང་གནམ་གཤིས་ཚོགས་ཆེན་གྲུབ་འབྲས་བཟང་པོ་ཐོན་རེ།

ཨ་རིའི་སྲིད་འཛིན་ནས་རྒྱ་གར་གྱི་སྲིད་བློན་ལ་འཛམ་གླིང་གནམ་གཤིས་ཚོགས་ཆེན་ཐོག་གྲུབ་འབྲས་བཟང་པོ་ཐོན་རྒྱུར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ།

2009.11.25

༄༅༎ཁ་ས་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་ནང་གཞུང་དོན་འཚམས་གཟིགས་གནང་བར་ཕེབས་པའི་རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་སིངྒ་མཆོག་ལ་རིང་མིན་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་ནང་འཚོགས་འཆར་ཡོད་པའི་འཛམ་གླིང་གནམ་གཤིས་ཚོགས་ཆེན་ཐོག་གྲུབ་འབྲས་བཟང་པོ་ཐོན་རྒྱུར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་འདུག།

སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་གར་སྲིད་བློན་སིངྒ་མཆོག་ལ་ཁ་ས་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་སྣེ་ལེན་གདན་ཞུ་གནང་རྗེས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པའི་སར། དབུ་ཁྲིད་རྣམ་གཉིས་ཀྱིས་ཟུང་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད། གསལ་བསྒྲགས་དེའི་ནང་ཨོ་བ་མ་མཆོག་དང་སིངྒ་རྣམ་གཉིས་ཀྱིས་ རིང་མིན་ཕྱི་ཟླ་༡༢པའི་ཚེས་༧ནས་༡༨བར་གྲོང་ཁྱེར་ཀོ་པེན་ཧ་གེན་དུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ཐོག་ཕྱོགས་ཚང་མས་མོས་མཐུན་ཡོད་པའི་ཡོངས་ཁྱབ་མཐུན་གྲོས་ཤིག་འཇོག་ཐུབ་པའི་ཐུགས་རེ་གསལ་བཏོན་གནང་ཡོད་ཅིང༌། མཐུན་གྲོས་དེས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཚོས་མཁའ་རླུང་སྦག་བཙོག་བཟོ་བའི་དུ་རླངས་ཉུང་དུ་གཏོང་རྒྱུའི་ཚད་བཀག་དམ་འཛིན་བྱ་རྒྱུ་དང༌།

ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་ཀྱང་མཁའ་རླུངས་བཙོག་པ་མི་བཟོ་པའི་འོས་འཚམས་ཀྱི་ལས་དོན་བྱ་དགོས་རྒྱུའི་ཚད་གཞི་བཟོ་ཐབས་གནང་དགོས་པའི་སྐོར་དབུ་འཁྲིད་རྣམ་གཉིས་ཀྱིས་མོས་མཐུན་གཅིག་གྱུར་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎