དབྱིན་ཇིའི་རོལ་དབྱངས་ཚོགས་པ་ཞིག་རྒྱ་ནག་ནང་བཀག་འགོག

རྒྱ་ནག་གཞུང་ནས་དབྱིན་ཇིའི་རོལ་དབྱངས་ཚོགས་པ་གྲགས་ཅན་ཨོ་ཡེ་སིསི་ཞེས་པ་དེས་རྒྱ་ནག་ནང་འཁྲབ་སྟོན་བྱ་རྒྱུར་བཀག་འགོག་བྱས་འདུག

2009.03.03

༄༅༎དབྱིན་ཇིའི་རོཀ་རོལ་དབྱངས་ཚོགས་པ་གྲགས་ཅན་ཨོ་ཡེ་སིསི་ཞེས་པའི་ཚོགས་མི་ནོ་ཨེལ་གེ་ལ་གར་གྱིས་ལོ་བཅུ་གཉིས་གོང་བོད་རང་དབང་ཆེད་རོལ་དབྱངས་འདུ་འཛོམས་སྐབས་འཁྲབ་སྟོན་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་ནས་རོལ་དབྱངས་་ཚོགས་པ་དེས་རྒྱ་ནག་ནང་འཁྲབ་སྟོན་བྱ་རྒྱུར་བཀག་འགོག་བྱས་ཡོད་འདུག

ཨོ་ཡེ་སིསི་ཞེས་པའི་རོལ་དབྱངས་ཚོགས་པ་དེ་ནི་ནོ་ཨེལ་དང་ལིཡེམ་གེ་ལ་གར་གྱིས་འགོ་འཁྲིད་པ་ཞིག་ཡིན་ཞིང་རོལ་དབྱངས་ཚོགས་པ་དེས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཕྱི་ཟླ་བཞི་པའི་ཚེས་གསུམ་དང་ལྔ་སོ་སོར་འཁྲབ་སྟོན་བྱ་རྒྱུ་ངེས་པ་ཡིན་ན་ཡང་གློ་བུར་དུ་རྒྱ་ནག་གཞུང་གིས་འཁྲབ་སྟོན་དེ་བྱེད་ཆོག་རྒྱུ་མིན་པའི་བཀའ་རྒྱ་བཏང་འདུག

རྒྱ་ནག་གཞུང་གིས་འཁྲབ་སྟོན་མེད་པ་བཟོ་བའི་རྒྱུ་མཚན་གཙོ་བོ་ནི་ས་གནས་སུ་གོ་བསྒྲིག་བྱ་མཁན་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པའི་རྐྱེན་གྱིས་ཡིན་པ་ལས་བོད་ཀྱི་གནད་དོན་དང་འབྲེལ་བ་མེད་ལུགས་བརྗོད་བཞིན་ཡོད་ཀྱང་ཨོ་ཡེ་སིསི་རོལ་དབྱངས་ཚོགས་པས་རྒྱ་ནག་གཞུང་གིས་རིག་གཞུང་ལྷན་ཁང་གི་འགོ་འཁྲིད་ཚོས་ནོ་ཨེལ་གེ་ལ་གར་གྱིས་བོད་རང་དབང་ཆེད་རོལ་དབྱངས་འདུ་འཛོམས་ཀྱི་ནང་འཁྲབ་སྟོན་བྱས་པ་ཤེས་རྟོགས་བྱུང་སྟེ་རོལ་དབྱངས་ཚོགས་པ་འདི་འདྲ་བ་ཞིག་གི་འཁྲབ་སྟོན་རྒྱ་ནག་ནང་བྱ་རྒྱུ་འོས་བབས་མེད་པའི་ཐག་གཅོད་བྱས་པ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།

ནོ་ཨེལ་གེ་ལ་གར་གྱིས་ཕྱི་ལོ་༡༩༩༧ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚུགས་པའི་བོད་རང་དབང་ཆེད་ཀྱི་རོལ་དབྱངས་འདུ་འཛོམས་ནང་འཁྲབ་སྟོན་གནང་ཞིང་ཁོང་གིས་སྐབས་དེའི་འཁྲབ་སྟོན་བྱས་པའི་ཚན་པ་ཞིག་ཨིན་ཊར་དྲ་གནས་ཡུའུ་ཀྲུབ་བརྒྱུད་ལམ་ཐོག་ཐོན་ཡོད་པ་དང་དེའི་ནང་ནོ་ཨེལ་གྱིས་བོད་ཀྱི་རྒྱལ་དར་ཧ་ཅང་ཆེན་པོ་ཞིག་གི་མདུན་འཁྲབ་སྟོ་བྱེད་བཞིན་མཐོང་རྒྱུ་ཡོད་སྟབས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་གློག་བརྙན་དེ་མཐོང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

ཡང་སྔ་ལོ་ཨའེ་སི་ཀྲེནདྲ་གྱི་རོལ་གཞས་པ་གྲགས་ཅན་སྦི་ཡོཀ་ཡིས་ཧྲང་ཧེ་ནང་རང་བཙན་ཁྱབ་བསྒྲགས་བྱེད་ཅེས་པའི་ཁོ་མོའི་རོལ་དབྱངས་འཁྲབ་སྟོན་བྱས་པའི་མཇུག་ཏུ་བོད་བོད་བོད་ཅེས་འབོད་ཚིག་བསྒྲགས་པའི་གནས་ཚུལ་ཡང་བྱུང་ཡོད་ཅིང་ཁོ་མོ་ཡང་བོད་རང་དབང་ཆེད་ཀྱི་རོལ་དབྱངས་འདུ་འཛོམས་ཀྱི་ནང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎