ཕྱི་ཕྱོགས་ནས་ལས་འགུལ་འདྲ་མིན་སྤེལ་བས་བོད་ནང་ཕན་ཐོག་འདུག


2017.07.14
ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་རྒྱལ་སའི་ནང་སྐོར་བསྐྱོད་གཏམ་བཤད་གནང་བཞིན་པ། ༢༠༡༧།༧།༡༢ ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་རྒྱལ་སའི་ནང་སྐོར་བསྐྱོད་གཏམ་བཤད་གནང་བཞིན་པ། ༢༠༡༧།༧།༡༢
Lhuboom/RFA

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རང་དབང་ཡུལ་གྲུ་ཁག་ནང་གི་བོད་མི་རྣམས་ཀྱིས་བོད་དོན་ཆེད་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་བས་བོད་ནང་ཕན་ཐོག་ཆེན་པོ་ཡོང་གི་ཡོད་པ་གསུངས་འདུག
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་འདི་ཚེས་༡༣་གཟའ་ཕུར་བུའི་ཉིན། འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་ཀྱི་ཚོགས་ཁང་ནང་ཉི་མ་ལྷ་མོ་ལགས་དང་ཁོང་གི་ཕྱགས་རོགས་ལ་ཕེབས་པ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་གཉིས་ལ་དགོང་དྲོའི་གསོལ་སྟོན་གཤམ་པ་དང་སྦྲགས་ཁོང་གཉིས་ནས་ས་གནས་བོད་མི་རྣམས་ལ་བཀའ་སློབ་གནང་རྒྱུ་གོ་སྒྲིག་ཞུས་པ་དེའི་སྐབས།  ཐོག་མར་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཞའོ་པོ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བར་མྱ་ངན་ངག་བཅད་གནང་ཡོད་པ་དང་།
དེ་ནས་ཉི་མ་ལྷ་མོ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་མ་ཚད། མཐར་རྒྱ་མིའི་བཙོན་ཁང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་དངོས་བདེན་ལོ་རྒྱུས་ཁག་མང་ཚོགས་ལ་ངོ་སྤྲོད་གནང་ཞིང་།  ཁོང་གིས་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན་ནས་ད་ཆ་ཁོང་རྒྱལ་སྤྱིའི་ནང་ཞུ་གཏུགས་སྐོར་བསྐྱོད་ལ་ཕེབས་ཆོག་ཆོག་ཡོང་གི་ཡོད་སྟབས་གཞུང་འཛིན་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་དན་ཞུ་གཏུག་གཙོས་པའི་ལས་འགུལ་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་ནན་བརྗོད་གནང་འདུག
ཡང་ཁོང་དང་ལྷན་དུ་ཕེབས་པའི་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཉི་མ་ལྷ་མོ་ལགས་ཀྱིས་ཨ་མེ་རི་ཀའི་ནང་སྐོར་བསྐྱོད་གནང་བཞིན་པའི་ལས་རིམ་སྐོར་ངོ་སྤྲོད་གནང་བ་དང་སྦྲགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་གནད་དོན་སྐོར་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཞུ་གཏུགས་གནང་ཟིན་པ་དང་ལས་འགུལ་དེ་མཇུག་སྐྱོང་གནང་མཁན་ས་གནས་བོད་མི་རྣམས་ཡིན་སྟབས་ས་གནས་བོད་མི་རྣམས་ཟུར་དུ་མཇལ་ནས་བཀའ་མོལ་གནང་དགོས་པ་དེ་གལ་ཆེན་པོར་རྩིས་གནང་གི་ཡོད་པ་དང་བོད་མི་རྣམས་ཀྱིས་བོད་དོན་སེམས་ལ་བཅངས་ནས་རྒྱུན་དུ་བོད་དོན་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་འདུག
ད་དུང་ཁོང་གཉིས་ནས་རང་དབང་ལུང་པའི་ནང་ཡོདཔའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་མི་ཉམས་བརྒྱུད་འཛིན་ཆེད་བོད་སྐད་སྐྱོན་དགོས་པ་དང་གཞོན་སྐྱེས་ཚོས་བོད་ཡིག་སྦྱང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

གསར་འགོད་པ་པ་སངས་དོན་ལྡན་དང་། སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎