རྒྱ་ནག་གི་ཚོགས་ཆེན་དང་འབྲེལ་བོད་ནང་དམ་བསྒྲགས་བརྡ་ཁྱབ།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨པ་ཚོགས་ལ་ཉེ་བ་དང་། རྒྱ་ནག་ཁྱོན་ཡོངས་སུ་ཕྱོགས་གང་ཐད་ནས་དམ་དྲག་བྱེད་བཞིན་བོད་ནང་དམིགས་བསལ་དམ་བསྒྲགས་ཇེ་ཆེར་འགྲོ་བཞིན་པ་རེད་འདུག

2012.10.17

བོད་ནང་དམ་བསྒྲགས་བརྡ་ཁྱབ།

དེ་ཡང་བོད་ནས་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨ཚོགས་ལ་ཉེ་བ་དང་། རྒྱ་ནག་ཁྱོན་ཡོངས་སུ་ཕྱོགས་གང་ཐད་ནས་དམ་དྲག་བྱེད་བཞིན་པ་དང་། དམིགས་བསལ་བོད་ནང་མངོན་ལྐོག་གཉིས་ཐོག་དམ་དྲག་དང་། བོད་མིའི་བྱེད་སྒོ་རིགས་འདྲ་མིན་སྤེལ་རྒྱུར་བཀག་བསྡོམས་བྱས་བའི་གནས་ཚུལ་བྱུང་ཡོད། དམ་དྲག་སྲིད་ཇུས་དང་འབྲེལ་བའི་བརྡ་ཁྱབ་ཡིག་གེ་ཞིག་ཉེ་བའི་ཆར་མཚོ་སྔོན་ཕྱོགས་ས་ཁུལ་མི་ཉུང་བར་སྦྱར་ཡོད་པ་དང་། དེའི་ཁོངས་གི་བརྡ་ཁྱབ་གཅིག་གི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨ལེགས་འགྲུབ་ཡོང་ཆེད། ཁྲིམས་ལྟར་རིག་གཞུང་བཤམ་སྟོན་བྱེད་སྒོ་སྤེལ་རྒྱུ་དང་། ཁྲིམས་འགལ་ལ་རྡུང་རྡེག་བྱེད་པའི་ལས་འགུལ་སྤེལ་རྒྱུ།

དེར་བརྟེན་རིག་གཞུང་བཤམ་སྟོན་བྱེད་སྒོའི་རིང་ཏཱ་ལའི་བླ་མའི་པར་དང་། ཁ་བྲལ་ཁྲིམས་འགལ། བོད་རང་བཙན་སོགས་གྱི་དཔེ་ཆ། འོད་སྡེར། ཡིག་ཆ་གཙོས་གོང་རིམ་ནས་ཆོག་མཆན་མེད་པའི་ཅ་དངོས་རིགས་ཚོང་འགྲེམ་མི་ཆོག་པ།

དྲ་རྒྱ་ཁང་གི་ཚོང་བདག་ཚོས་དུས་ཡུན་ཡིད་གཟབ་བྱས་ནས་ཡུལ་མིའི་ཐོབ་ཐང་ལག་འཁྱེར་མེད་པར་གང་བྱུང་གིས་དྲ་ཁང་ལ་ཡོང་མཁན་ཚོར་རྩིས་འཁོར་དྲ་བ་བེད་སྤྱོད་བྱེད་འཇུག་མི་ཆོག་པ་། དྲ་རྒྱ་ཁང་སོགས་དུས་ཐོག་སྒོ་རྒྱག་དགོས།

དེ་ལྟར་བརྡ་ཁྱབ་ལ་རྩིས་མེད་དང་། ཁྲིམས་འགལ་བྱ་སྤྱོད་རིགས་བྱུང་བ་ཡིན་ན་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་པ་བཅས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎