རྒྱ་གར་བྱང་ཕྱོགས་ཁུལ་གནམ་གཤིས་གྲང་མོ་སྟོན་བཞིན་པ།
2011.01.02
༄༅༎རྒྱ་གར་བྱང་ཕྱོགས་ཁུལ་གནམ་གཤིས་གྲང་ངར་ཤུགས་ཆེ་སྟོན་བཞིན་དམིགས་བསལ་ལ་དྭགས་གླེ་ཁུལ་གྲང་ཚད་ཀླད་ཀོར་འོག་ Celsius Minus23.6 གྱི་གྲང་མོ་ཡོད་པའི་སྐོར་རྒྱ་གར་གཞུང་གིས་གནམ་གཤིས་སྔོན་བརྡའི་ལས་ཁུངས་ཀྱི་གསུངས་ཡོད་པ་རེད།
གནམ་གཤིས་ཀྱི་གྲང་ངར་འདི་བཞིན་རྒྱ་གར་གྱི་བྱང་ཕྱོགས་ཀྱི་མངའ་སྡེ་ཇམ་མུ་དང་ཀཤི་མིར་ ཧི་མ་ཅལ་ ལྡི་ལི་ ཨུ་ཊར་པར་རྡེཤ་བཅས་ས་ཁུལ་རིམ་པ་ཞིག་ནང་སྟོན་བཞིན་ཡོད་པ་དང་ ས་ཁུལ་ཁག་ཅིག་ལ་འགྲིམ་འགྲུལ་གྱི་དཀའ་ངལ་དང་དེ་བཞིན་འཐུང་ཆུ་ཁྱག་པ་ཆགས་པ་སོགས་ཀྱིས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་པ་དང་ དགུན་དུས་ཀྱི་གནམ་གཤིས་གྲང་ངར་འདིའི་ནང་ད་བར་སྡོད་ས་མེད་པའི་ཉམས་དག་མི་མང་༢༤་ཙམ་འཆི་སྐྱོན་བྱུང་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།