བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་འབྲེལ་ལམ་ཉམས་གསོ་བྱ་འཆར།

བྱང་ཀོ་རི་ཡས་སླར་ཡང་ལྷོ་ཀོ་རི་ཡར་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཉམས་གསོ་འབྱུང་ཐབས་ལ་དམིགས་པའི་གྲོས་མོལ་ཞིག་བྱེད་འདོད་ཡོད་པ།

2011.01.08

༄༅༎རེས་གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡས་སླར་ཡང་ལྷོ་ཀོ་རི་ཡར་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཉམས་གསོ་འབྱུང་ཐབས་ལ་དམིགས་པའི་གྲོས་མོལ་ཞིག་གཟའ་འཁོར་གཉིས་ཙམ་གྱི་ནང་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་འདུག

ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༣ཉིན་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཞི་བའི་མི་སེར་གྱི་རྟེན་གཞི་ཞིག་གི་ཐོག་ཚུར་རྒོལ་བྱས་ཏེ་མི་བཞི་ཙམ་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་བྱུང་རྗེས་ལྷོ་བྱང་ཀོ་རི་ཡའི་གནས་སྟངས་དེ་ཆེས་ཛ་དྲག་ཅན་ཞིག་ཆགས་ཡོད་ཅིང་ འོན་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་བྱང་ཀོ་རི་ཡའི་ངོས་ནས་ལྷོ་ཀོ་རི་ཡ་དང་འབྲེལ་ལམ་བྱེད་འདོད་ཡོད་པའི་གཞུང་འབྲེལ་གྱི་གསལ་བསྒྲགས་རིམ་པ་བྱས་ཅིང་ གཟའ་སྤེན་པའི་ཉིན་ཀོ་རི་ཡ་བྱང་མའི་ཕ་ཡུལ་གཅིག་བསྒྲིལ་ལས་ཁང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གང་མགྱོགས་འབྱུང་ཐབས་ཀྱི་གྲོས་འགོ་བཏོན་པ་དེ་ནི་གསར་ཤོས་དེ་ཡིན་པ་རེད།

ད་དུང་ཀོ་རི་ཡ་བྱང་མའི་གཞུང་འབྲེལ་གྱི་གྲོས་འགོ་དེའི་ནང་བྱང་ཀོ་རི་ཡའི་ངོས་ནས་གྲོས་འགོ་འདི་ནི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཏོན་བཞིན་ཡོད་སྟབས་ལྷོ་ཀོ་རི་ཡའི་འགོ་འཁྲིད་ཚོའི་ངོས་ནས་དྭོགས་པ་རྣམ་རྟོག་གི་རང་བཞིན་དོར་ཏེ་བྱང་ཀོ་རི་ཡའི་གྲོས་འགོ་འདིར་བློ་ཁ་ཡང་པོའི་ཐོག་ནས་དྭངས་ལེན་གནང་དགོས་ཀྱི་རེད་ཅེས་བརྗོད་འདུག

ལྷོ་ཀོ་རི་ཡའི་གཞུང་ཕྱོགས་ནས་ཀོ་རི་ཡ་བྱང་མའི་གྲོས་འགོ་འདིའི་རྒྱབ་ལྗོངས་ཀྱི་གནད་དོན་ལ་ཞིབ་དཔྱོད་གནང་རྒྱུ་ཡིན་པ་བརྗོད་ཅིང་བྱང་ཀོ་རི་ཡའི་ངོས་ནས་ལྷོ་ཀོ་རི་ཡ་དང་གྲོས་མོལ་བྱ་རྒྱུའི་གྲོས་གཞིའི་ཁོངས་སུ་ལྷོ་བྱང་ཀོ་རི་ཡའི་དབར་དཔལ་འབྱོར་མཉམ་འབྲེལ་གྱི་ལས་དོན་ཆེད་མཐུན་རྒྱུར་སྦྱར་མཁན་དུ་བཙུགས་པའི་ལས་ཁུངས་ཤིག་ཡོད་པ་དེ་སླར་ཡང་སྒོ་ཕྱེ་རྒྱུའི་ཁས་ལེན་བྱས་འདུག་ལ་ ཡུལ་གྲུ་གཉིས་དབར་གྱི་གྲོས་མོལ་དེ་ཕྱི་ཟླ་དང་པོའི་ཟླ་མཇུག་གམ་ ཕྱི་ཟླ་གཉིས་པའི་ཟླ་འགོར་བྱེད་ཐུབ་པའི་རེ་བ་ཡོད་ལུགས་བརྗོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎