བྱང་ཀོ་རི་ཡའི་སྒེར་སྡེམ་དབང་ཆའི་རྒྱུད་འཛིན།
2010.10.04
༄༅༎བྱང་ཀོ་རི་ཡས་ཡུལ་དེའི་སྒེར་སྡེམ་དབང་འཛིན་གྱི་གཞུང་དེ་འགོ་འཛུགས་ཀྱི་ཉིན་མོ་དང་ཀིམ་ཇོང་ཨིལ་གྱི་བུས་བྱང་ཀོ་རི་ཡའི་འགོ་འཁྲིད་བྱེད་རྒྱུའི་བརྡ་བཏོན་ཆེད་དྲག་པོའི་དཔུང་དམག་གི་རུ་སྒྲིག་དང་དམག་སྦྱོང་བྱེད་རྒྱུ་ཡིན་པ་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་ཀིམ་ཀྲེ་དབྱང་ཡིས་གསུང་འདུག
ལྷོ་ཀོ་རི་ཡའི་གཞུང་གི་དཔོན་རིགས་རྣམ་པའི་ཁོངས་ནས་ཕྱི་སྲིད་བློན་ཆེན་ཀྲེ་དབྱང་ཡིས་ཀིམ་ཇོང་ཨིལ་གྱི་བུ་ཀིམ་ཇོང་ཨུན་ཡིས་བྱང་ཀོ་རི་ཡའི་སྲིད་དབང་འཛིན་རྒྱུ་ཡིན་པའི་བཀའ་མོལ་དེ་ལྷོ་ཀོ་རི་ཡའི་གཞུང་ཕྱོགས་ཀྱི་བཀའ་མོལ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཐོག་ཀིམ་ཇོང་ཨིལ་གྱི་བུ་ཀིམ་ཇོང་ཨུན་ཡིས་བྱང་ཀོ་རི་ཡའི་གཞུང་འབྲེལ་གྱི་མཛད་སྒོ་ཁག་ནང་ཞུགས་རྒྱུ་འགོ་འཛུགས་བྱེད་རྒྱུ་ཡིན་སྐོར་གསུང་འདུག
ཡང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་བྱང་ཀི་རི་ཡའི་ངལ་རྩོལ་བའི་ཚོགས་པ་ཞེས་པ་དེ་འགོ་འཛུགས་ནས་ལོ་ངོ་༦༥འཁོར་བའི་དུས་དྲན་གྱི་ཉིན་དེར་ཀིམ་ཇོང་ཨུན་བྱང་ཀོ་རི་ཡའི་སྲིད་དབང་འཛིན་མཁན་གསར་པ་དེ་ཡིན་པའི་མིག་བཏོན་ཆེད་བེད་སྤྱོད་བྱེད་སྲིད་སྐོར་གསུང་འདུག
བདུནསྔོན་མ་དེར་ལོ་གྲངས་༢༧ལ་སོན་པའི་ཀིམ་ཇོང་ཨུན་ལ་བྱང་ཀོ་རི་ཡའི་སྐར་མ་བཞི་ཅན་གྱི་དམག་དཔོན་གྱི་གོ་གནས་དང་ཡུལ་གྱི་གཞུང་འཛིན་ཚོགས་པའི་གོ་གནས་ཁག་ཅིག་སྤྲད་པ་མ་ཟད་ཁོ་པའི་འདྲ་དཔར་གཞུང་འབྲེལ་ཐོག་ཐོག་མར་འགྲེམས་སྤེལ་བྱས་ཡོད་པ་རེད་ ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཀིམ་ཀྲེ་དབྱང་ཡིས་བྱང་ཀོ་རི་ཡས་ཡུལ་དེའི་མི་རིམ་ཞེས་པའི་གནམ་དམག་བབས་ཚུགས་དེར་དམག་མི་གྲངས་ ༡༥༠༠༠ཙམ་ཞིག་ཆེད་གཏོང་བྱས་ནས་ཡུལ་དེའི་གཞུང་འཛིན་ཚོགས་པ་འགོ་ཚུགས་པའི་ཉིན་པོ་དེ་ཕྱི་ཟླ་༡༠པའི་ཚེས་༡༠ཉིན་སྲུང་བརྩི་བྱེད་རྒྱུ་ཡིན་སྐོར་ཡང་གསུང་འདུག
དེ་བཞིན་ཁོང་གིས་བྱང་ཀོ་རི་ཡས་དམག་སྦྱོང་ཆེན་པོ་ཞིག་ནང་མེ་སྒྱོགས་དང་མཁའ་དམག་གནམ་གྲུ་དང་མཚོ་གྲུ་སོགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་གསུང་འདུག ཁོང་གིས་མུ་མཐུད་ནས་གོང་ཞུས་ཀྱི་དུས་དྲན་དེ་བདུན་འདིའི་རེས་གཟའ་ཉི་མའི་གོང་གནང་རྒྱུ་ཡིན་སྐོར་ཡང་གསུང་འདུག