རྒྱ་རིགས་ལིའུ་ཤའོ་ཕུའོ་གློད་འགྲོལ་དགོས་ལུགས་ཞུ་ཡིག་སྐོར།

རྒྱ་ནག་གཞུང་ལ་རྒྱ་མིའི་རྩོམ་པ་པོ་ལིའུ་ཤའོ་ཕུའོ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་འགྲོལ་ཡོང་རྒྱུའི་འབོད་བསྐུལ་གྱི་ཡི་གེ་ཕུལ་བ།

2008.12.23

༄༅༎རྒྱལ་སྤྱིའི་ནང་སྙན་གྲགས་ཡོད་པའི་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ་དེ་བཞིན་ནོ་བེལ་གྱི་བྱ་དགའ་བཞེས་མྱོང་མཁན་འགའ་ཤས་ཐེ་བའི་རྩོམ་པ་པོ་ཁག་གཅིག་གིས་རྒྱ་ནག་གཞུང་གིས་རྒྱ་མིའི་རྩོམ་པ་པོ་ལིའུ་ཤའོ་ཕུའོ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་འགྲོལ་ཡོང་རྒྱུའི་འབོད་བསྐུལ་གྱི་ཡི་གེ་ཞིག་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ལ་ཕུལ་འདུག

ལིའུ་ཤའོ་ཕུའོས་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གི་གནམ་བདེ་སྒོ་མོ་ཕྱེའི་སློབ་ཕྲུག་གིས་འགྲོ་འཁྲིད་པའི་མང་གཙོའི་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས་བཙོན་བཅུག་ཉེས་ཆད་ཕོག་ཡོད་པ་དང་ཟླ་བ་འདིའི་ཟླ་སྟོད་དུ་ཁོང་དང་དེ་མིན་གྱི་མི་གསུམ་བརྒྱ་བཅུ་མེད་གསུམ་གྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང་མང་གཙོ་ཅན་དུ་འགྱུར་དགོས་པ།ཚོགས་པ་གཅིག་གིས་བཟུང་བའི་སྲིད་དབང་ལམ་ལུགས་ལ་བཅོས་བསྒྱུར་དགོས་རྒྱུ་སོགས་འཁོད་པའི་༢༠༠༨ཀྱི་རྩ་འཛིན་ཡིག་ཆ་ཟེར་བ་ཞིག་ལ་མིང་རྟགས་བཀོད་པའི་རྐྱེན་གྱིས་ཁོང་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། རྒྱལ་སྤྱིའི་ནང་གི་གྲགས་ཅན་མི་སྣ་དེ་དག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ལ་ཕུལ་བའི་ཡི་གེ་དེའི་ནང་ལིའུ་ཤའོ་ཕུའོ་འཛིན་བཟུང་དོ་དམ་བྱས་རྗེས་ཁོ་པའི་ནང་མི་དང་ཁྲིམས་རྩོད་པར་ཁོང་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་དང་ད་ལྟ་གར་ཡོད་སོགས་ཀྱི་གནས་ཚུལ་གསལ་བཤད་མ་བྱས་པ་དེ་ནི་རྒྱ་ནག་རང་གི་ཁྲིམས་དང་འགལ་འཛོལ་དུ་ཕྱིན་པ་ཞིག་ཡིན་པ་རེད་ཅེས་དང་ད་དུང་ཞུ་ཡིག་དེའི་ནང་ལིའུ་ཤའོ་ཕུའོའི་ལས་འགུལ་ཡོངས་རྫོགས་ཁྲིམས་དང་མཐུན་ཞིང་ཞི་བ་ཁོ་ན་ཡིན་པ་དང་ཁོང་གིས་གཞུང་ལ་སྐྱོན་བརྗོད་བྱེད་པའི་རྩོམ་ཡིག་བྲིས་པའི་རྐྱེན་གྱིས་ཁོང་ཐེངས་མ་གཉིས་ཙམ་འཛིན་བཟུང་བཙོན་བཅུག་བྱས་ཡོད་ཀྱང་ཁྲིམས་ཐོག་ནས་ཁོང་གི་ཐོག་ནག་ཉེས་ཕོག་ཡོད་པ་མ་རེད་ཅེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ལ་ཕུལ་བའི་ཞུ་ཡིག་དེའི་ནང་མིང་རྟགས་བཀོད་མཁན་གྱི་གྲས་སུ་ནོ་བེལ་བྱ་དགའ་བཞེས་མཁན་སིའི་མ་སེ་ཧེ་ནི་དང་ལྦོ་ལེ་སོ་ཡིང་ཀ་དེ་བཞིན་རྩོམ་པ་པོ་གྲགས་ཅན་སཱལ་མའན་ར་ཤི་ཌི་དང་ཨུམ་སྦར་ཏོ་ཨེ་ཁོ་སོགས་ཡོད་པ་རེད། ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྦེ་རེདྲ་ཨེ་ཌམ་སི་ཡིས་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའོ་འཛིན་བཟུང་བྱས་པ་དེས་ལས་འགུལ་པ་གཞན་གྱི་ཐོག་ཉེན་བརྡ་བཏང་པ་ཡིན་པ་མཚོན་སྲིད་ན་ཡང་དེ་དང་དུས་མཚུངས་གཞུང་གི་མཁྲེགས་བཟུང་ཅན་གྱི་ལངས་ཕྱོགས་དེ་ནི་རྒྱ་ནག་མི་དམངས་ཀྱི་མངོན་འདོད་དང་མི་འཚམས་པ་ཡིན་པ་ཡང་མཚོན་ཐུབ་རྒྱུ་རེད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎