རྒྱ་ནག་གི་གསར་འགོད་པ་ཡོང་རྒྱུར་ཆོག་མཆན་སྤྲད་མེད།

རྒྱ་གར་གྱི་དམག་དོན་འཕྲུལ་རིགས་ཀྱི་འགྲེམས་སྟོན་སྐབས་རྒྱ་ནག་གི་གསར་འགོད་པ་ཡོང་རྒྱུར་ཆོག་མཆན་སྤྲད་མེད་པའི་གནས་ཚུལ་ཐོན་འདུག

2011.02.03

༄༅༎རྒྱ་གར་གྱི་དམག་དོན་འཕྲུལ་རིགས་ཀྱི་འགྲེམས་སྟོན་སྐབས་རྒྱ་ནག་གི་གསར་འགོད་པ་ཡོང་རྒྱུར་ཆོག་མཆན་སྤྲད་མེད་པའི་གནས་ཚུལ་ཐོན་འདུག

ཟླ་བ་འདིའི་ཚེས་དགུ་ནས་བཅུ་གསུམ་བར་ཉིན་ལྔའི་རིང་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ཁུལ་རྒྱ་གར་གྱི་དམག་དོན་ཚན་པའི་འཕྲུལ་རིགས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་ལྟར་སྐབས་དེར་རྒྱལ་ནང་དང་རྒྱལ་སྤྱིའི་གསར་འགྱུར་འགོད་མཁན་ཚོར་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་ཆོག་མཆན་སྤྲད་པའི་ཁོངས་སུ་རྒྱ་ནག་དང་པ་ཀི་སི་ཏན། ཨི་རན་བཅས་ཚུད་མེད་པ་རེད། འགྲེམས་སྟོན་དང་འབྲེལ་བའི་གནད་དོན་ཐོག་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཚོགས་གནང་བའི་སྐབས་རྒྱ་ནག་ཚུད་མེད་པའི་རྒྱུ་མཚན་འདྲི་བརྩད་བྱེད་པའི་སྐབས་བདེ་སྲུང་ལས་དོན་ཚན་པའི་འབྲེལ་ཡོད་དྲུང་ཆེ་རཇ་ཀུ་མར་སིང་ནས། རྒྱལ་ཁབ་སུ་དང་སུའི་གསར་འགོད་པ་ཡོང་ཆོག་མིན་གྱི་མིང་གཞུང་ཕྱི་སྲིད་ལས་ཁུངས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། དེའི་ནང་རྒྱ་ནག་གཅིག་པུ་མ་ཡིན་པར་པ་ཀི་སི་ཏན་དང་ཨི་རན་ཡང་ཚུད་ཡོད་རེད་ཅེས་བཀའ་ལན་གནང་བ་དང་། དེ་བཞིན་རྒྱལ་ཁབ་དེ་དག་གི་གཞུང་ཚབ་པ་དམིགས་བསལ་གདན་ཞུ་བྱེད་ཡོད་མེད་སྐོར་ཡང་ཕྱི་སྲིད་ལས་ཁུངས་ནས་མ་གཏོགས་ང་ཚོའི་ལས་ཁུངས་ནས་ཐག་ཆོད་ཀྱི་མ་རེད་ཅེས་བཀའ་ལན་གནང་ཡོད་འདུག

ད་རེས་རྒྱ་གར་གྱི་བདེ་སྲུང་ཚན་པའི་འགྲེམས་སྟོན་འདིའི་ཐོག་རྒྱ་ནག་གི་གསར་འགོད་པ་ཡོང་མི་ཆོག་པའི་གནད་དོན་ནི་ཉེ་བའི་ཆར་རྒྱ་ནག་གཞུང་ནས་འཇའ་མུ་ཀ་ཤིར་མངའ་ཁུལ་ནས་ཡིན་མཁན་ཚོར་ལྦི་ས་ཐོངས་མཆན་སྤྲད་པའི་སྐབས་རྒྱ་གར་གྱི་མངའ་ཁོངས་མིན་པའི་རྣམ་པའི་ཚུལ་དུ་ལག་འཁྱེར་སྟེང་མ་ཡིན་པར་ཟུར་དུ་ཤོག་འཛར་སྟེང་ལྦི་ས་སྤྲད་པ་དང་། དེ་བཞིན་མངའ་ཁུལ་དེ་ནས་ཡིན་པས་དམག་དཔོན་ཞིག་ལ་གཞུང་འབྲེལ་གྱི་ཕེབས་དགོས་ཀྱི་ཡོད་ཀྱང་ཐོངས་མཆན་མ་སྤྲད་པ་སོགས་ཀྱི་རྐྱེན་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎