གསེར་ཆེན་ཕྱོགས་སུ་ནང་ཁུལ་ས་རྩོད་བྱུང་ནས་མི་༩རྨས་འདུག


2014.05.16
གསེར་ཆེན་རྫོང་དུ་སྡེ་དཔོན་གཉིས་འཛིན་བཟུང༌། ཕྱི་ལོ་༢༠༡༢ལོར་གསེར་ཆེན་རྫོང་དུ་གཏེར་ཁ་བསྔོག་འདོན་བྱས་པ།
བོད་ནས་འབྱོར་བ།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྡེ་བ་གཉིས་བར་ནང་ཁུལ་ས་རྩོད་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བ་གཤམ་ནས་གསན་རོགས

ཡིག་ཐོག་གསར་འགྱུར།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྡེ་བ་གཉིས་བར་ནང་ཁུལ་ས་རྩོད་བྱས་ནས་བོད་མི་༩ལ་རྨས་སྐྱོན་ཕོག་ནས་གནས་སྟངས་ཛ་དྲག་འོག་ཡོད་པ་རེད། དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོའི་གཡང་རོང་སྡེ་བ་དང་ཆུ་རྔ་སྡེ་བ་གཉིས་བར་ལོ་མང་རིང་ས་ཆའི་རྩོད་གཞི་ཡོད་པ་དང་། ཕྱོགས་གཉིས་ཀས་འབྲེལ་ཡོད་གཞུང་གི་ལས་ཁུངས་ལ་ཐེངས་མང་ཞུ་གཏུགས་བྱས་ཀྱང་ད་ལྟའི་བར་ས་ཆའི་བདག་དབང་ལ་ཐག་གཅོད་ཁ་གསལ་མེད་པར་ལུས་ཡོད་འདུག གནས་སྟངས་དེའི་འོག་ཉེ་བའི་ཟླ་འདིའི་ཚེས་༧ཉིན་གཡག་ལུང་སྡེ་བའི་མི་གྲངས་༢༠༠ལྷག་ཆུ་རྔ་སྡེ་བའི་ས་ཐོག་ལ་སོང་ནས་ཁུལ་དེའི་བོད་མི་ཚོ་གཅར་རྡུང་བཏང་བའི་རྐྱེན་ཆུ་རྔ་སྡེ་བའི་མི་༩ལ་རྨས་སྐྱོན་ཕོག་པ་དང་། ད་ལྟ་མཚོ་ལྷོ་ཁུལ་སྨན་ཁང་དུ་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། ཉེ་སྔོན་ཕྱོཊ་གཉིས་བར་ས་ཆའི་རྩོད་གླེང་གི་གནས་ཚུལ་ཡོས་སྐབས་ནས་ས་གནས་རྒྱ་གཞུང་ལ་ཞུ་གཏུགས་བྱས་ཀྱང་། སྐབས་དེར་དྲག་ཆས་དམག་མི་དང་ཉེན་རྟོག་པ་བཅས་རླངས་འཁོར་༣༠ཙམ་ས་གནས་སུ་འབྱོར་ཙམ་བྱས་བ་ལས་ སྡེ་བ་གཉིས་འཁྲུག་འཛིང་ཤོར་བའི་ཉིན་དེར་དམག་མི་དང་ཉེན་རྟོག་པ་ཚོས་གནས་སྟངས་ལྷིང་འཇགས་ཡོང་ཐབས་བར་འདུམ་ལ་སོགས་པའི་ཐེ་བྱུས་གང་ཡང་མ་བྱས་པར་ཕྱིར་ལོག་ཡོད་པ་དང་། དེའི་རྗེས་སྡེ་བ་གཉིས་བར་རྡོ་དང་། དབྱུག་པ། ལྕགས་ཁེམ་སོགས་འཁྱེར་ནས་འཁྲུག་འཛིང་ཤོར་རྗེས་ཟླ་འདིའི་ཚེས་༡༤ཡས་མས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ གཡང་རོང་སྡེ་བའི་སྡེ་དཔོན་དང་། སྡེ་དཔོན་གཞོན་པ་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་དུང་གཡང་རོང་སྡེ་བའི་བོད་མི་ཁ་ཤས་ཤིག་ལ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་རེད་འདུག གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎