ཡུ་གུར་འགོ་ཁྲིད་ར་སྦི་ཡ་ལ་ནིའུ་ཛི་ལེན་ཌིར་གདན་ཞུའི་སྐོར།

ནིའུ་ཛི་ལེན་ཌི་གཞུང་གིས་ཡུ་གུར་འགོ་ཁྲིད་ར་སྦི་ཡ་ཀ་རྡིར་ལ་ཐོངས་མཆན་ལྦི་ས་ཕུལ་དང་མ་ཕུལ་དེ་ཉིན་ཤས་ནང་ཐག་གཅོད་གནང་རྒྱུ།

2009.10.05

༄༅༎ཤིན་ཅང་མི་རིགས་ཀྱི་འགོ་འཁྲིད་ར་སྦི་ཡ་ཀ་རྡིར་ནིའུ་ཛི་ལེན་ཌི་ནང་གདན་ཞུ་གནང་བ་དེར་ཁོང་ལ་ཐོངས་མཆན་ལྦི་ས་ཕུལ་དང་མ་ཕུལ་དེ་ཉིན་ཤས་ནང་ཐག་གཅོད་གནང་རྒྱུ་ཡིན་སྐོར་ནིའུ་ཛི་ལེན་ཌིའི་སྲིད་བློན་ཇོན་ཀི་མཆོག་གིས་གསུང་འདུག

སྲིད་བློན་ཇོན་ཀི་མཆོག་གིས་གསར་འགོད་པ་ཁག་ཅིག་ལ་རྒྱ་གཞུང་གིས་ལྕམ་ར་སྦི་ཡ་ཀ་རྡིར་ལ་ལྦི་ས་འབུལ་མི་དགོས་པའི་ཞུ་བསྐུལ་དེ་རིགས་ཕུལ་འབྱོར་བྱུང་མེད་སྐོར་གསུང་འདུག ནིའུ་ཛི་ལེན་ཌི་ཡུལ་གྱི་ལྗང་ཁུ་ཚོགས་པའི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་ཀིཐ་ལོཀ་ཡིས་ལྕམ་ཀ་རྡིར་ཡུལ་ནང་ཕྱི་ཚེས་བཅུ་གཉིས་ནས་ཕྱི་ཚེས་བཅོ་ལྔ་བར་ཉིན་གསུམ་རིང་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུང་འདུག མགྲིན་ཚབ་པ་སྐུ་ཞབས་ལོཀ་ཡིས་ལྕམ་ཀ་རྡིར་ལ་ལྦི་ས་ཐོངས་མཆན་ཐོབ་མ་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད་ཅེས་དང་ཁོང་གི་མི་ཚེ་དེ་དཔེ་དེབ་བཞིན་ཁ་གསལ་རེད། ཁོང་ནི་འཚེ་མེད་ཞི་བའི་ཐོག་འཐབ་རྩོད་གནང་མཁན་ཞིག་དང་འཚེ་བའི་ལས་བྱེད་མཁན་དང་འབྲེལ་བ་གནང་མཁན་ཞིག་མ་རེད་ཅེས་གསུང་འདུག ཡང་ཁོང་གིས་གལ་སྲིད་ལྕམ་ར་སྦི་ཡ་ཀ་རྡིར་ལ་གཞུང་ཕྱོགས་ནས་ཐོངས་མཆན་ལྦི་ས་མ་གནང་བ་ཡིན་ན་ནིའུ་ཛི་ལེན་ཌི་མི་མང་གིས་དེར་ངོ་རྒོལ་ཤུགས་ཆེན་པོ་བྱེད་ཀྱི་རེད་ཅེས་གསུང་འདུག རྒྱ་ནག་པེ་ཅིང་གཞུང་གིས་ལྕམ་ར་སྦི་ཡ་ཀ་རྡིར་འཛམ་གླིང་ཡུ་གུར་ལྷན་ཚོགས་ཞེས་པའི་ཚོགས་པ་དེའི་འགོ་འཁྲིད་ཡིན་པ་དང་ཁོང་འདི་ལོ་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་ནང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་བྱུང་བ་དེའི་བྱེད་གཏེ་དེ་ཡིན་སྐོར་བཤད་ཀྱི་ཡོད་ཀྱང་ད་བར་ཁུངས་བསྐྱེལ་དཔར་རྟགས་གང་ཡང་བཏོན་རྒྱུ་མེད་པ་རེད། ལྕམ་ཀ་རྡིར་དེ་སྔོན་ཕྱི་ཟླ་བརྒྱད་པའི་ནང་ཨོ་སོ་ཀྲོ་ལི་ཡ་ནང་གདན་འདྲེན་ཞུས་པ་དེར་རྒྱ་གཞུང་གིས་དེར་འགོག་ཐབས་བྱས་ཀྱང་ལམ་ལྷོང་བྱུང་མེད་པ་རེད། ཡང་དེ་རྗེས་ཁོང་ཐེ་ལྦན་ནང་གདན་འདྲེན་ཞུས་པ་དེར་རྒྱ་གཞུང་གིས་གནོན་ཤུགས་འོག་ཁོང་ཐེ་ལྦན་དུ་བསྐྱོད་རྒྱུར་ཐོངས་མཆན་ལྦི་ས་ཕུལ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎