ནེའུ་ཛི་ལན་ཊི་དང་རྒྱ་ནག་བར་འབྲེལ་ལམ་ཞི་འགྲིག་ཡོང་རྒྱུ་དཀའ་བའི་རང་བཞིན་ཆགས་ཡོད།

2021.05.04
ནེའུ་ཛི་ལན་ཊི་དང་རྒྱ་ནག་བར་འབྲེལ་ལམ་ཞི་འགྲིག་ཡོང་རྒྱུ་དཀའ་བའི་རང་བཞིན་ཆགས་ཡོད། རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆིང་(Li Keqiang)་དང་ནེའུ་ཛི་ལན་ཊིའི་(New Zealand)་སྲིད་བློན་ལྕམ་(Jacinda Ardern)་ལགས་གཉིས་པེ་ཅིང་དུ། ༤།༡།༢༠༡༩
Reuters

ནེའུ་ཛི་ལན་ཊིའི་(New Zealand)་སྲིད་བློན་ལྕམ་(Jacinda Ardern)་ལགས་ཀྱིས། ད་སྐབས་འཛམ་གླིང་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་འགྲོ་བཞིན་པ་དང་བསྟུན་རྒྱ་ནག་རྒྱལ་ཁབ་ཀྱིས་འཛམ་གླིང་ནང་གི་སྲིད་དོན་ཐོག་ཐེ་གཏོགས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པས། རྒྱ་ནག་དང་ནེའུ་ཛི་ལན་ཊིའི་(New Zealand)བར་གྱི་མཐུན་མིན་གྱི་གནད་དོན་མང་དུ་ཕྱིན་ནས་ཞི་འགྲིག་ཡོང་རྒྱུ་དཀའ་བའི་རང་བཞིན་ཆགས་ཡོད་པ་གསུང་འདུག
དེ་ཡང་འདི་ཚེས་༤་རེས་གཟའ་ཟླ་བ་ཉིན་ནེའུ་ཛི་ལན་ཊིའི་(New Zealand)་སྲིད་བློན་ལྕམ་(Jacinda Ardern)་ལགས་ཀྱིས། རྒྱལ་ས་(Auckland)་ནང་རྒྱ་ནག་དང་འབྲེལ་བའི་ཚོང་འབྲེལ་ཚོགས་འདུ་ཞིག་གི་ཐོག འཛམ་གླིང་ནང་གི་འགྱུར་འགྲོས་དང་རྒྱ་ནག་གི་ཤུགས་རྐྱེན་དེ་ཆེ་རུ་འགྲོ་བཞིན་པ་དེར་ཚང་མས་དོ་སྣང་མེད་པ་མ་རེད། ང་ཚོ་དང་རྒྱ་ནག་བར་སྲིད་དོན་གྱི་སྒྲོམ་གཞི་ཙམ་མ་ཟད། སོ་སོའི་ཁེ་ཕན་དང་རྩ་ཆེའི་རིན་ཐང་བརྩི་ཕྱོགས་ཀྱི་བར་ཁྱད་པར་ཡོད་པ་དེ་དག་འགྲིག་འཇག་ཡོང་ཐབས་དཀའ་བ་ཞིག་ཆགས་ཡོད་པ་རེད་ཅེས་གསུང་འདུག དེ་བཞིན་ཁོང་གིས་དཀའ་ངལ་ལ་གདོང་ལེན་དེ་ང་ཚོ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཙམ་མ་ཟད། ཡོ་རོབ་སྤྱི་མཐུན་དང་འཛམ་གླིང་གི་མངའ་ཁུལ་གཞན་ཁག་གིས་ཀྱང་དཀའ་ངལ་དེར་གདོང་ལེན་གནང་བཞིན་ཡོད་པ་རེད་ཅེས་གསུང་འདུག
གོང་ཞུས་(New Zealand)་སྲིད་བློན་གྱི་བཀའ་མོལ་དེ་ཉེ་སྔོན་(New Zealand)་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གསང་བ་དང་སྲུང་སྐྱོབ་དང་འབྲེལ་བའི་མཐུན་འབྲེལ་ཚོགས་པ་(Five Eyes)་ཞེས་པའི་ཚོགས་མིའི་རྒྱལ་ཁབ་ཁག་གི་ཚོགས་པ་དེ་བེད་སྤྱོད་ཀྱིས། རྒྱ་ནག་ལ་སྐྱོན་བརྗོད་མ་གནང་བའི་ཉེས་འཛུགས་ཕོག་པའི་རྗེས་བཀའ་མོལ་གསུང་པ་ཞིག་ཆགས་ཀྱི་ཡོད་པ་རེད།
ནེའུ་ཛི་ལན་ཊི་(New Zealand)་ནི་རྒྱ་ནག་དང་ཚོང་འབྲེལ་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཤིག་ཆགས་ཀྱི་ཡོད་ཅིང་། ཉེ་སྔོན་གོང་ཞུས་(Five Eyes)ཞེས་པའི་ཨ་མི་རི་ཀ་དང་དབྱིན་ཡུལ། ཨོསི་ཀྲི་ལི་ཡ། ཁེ་ཎ་ཌ་དྲ་བཅས་པའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་དེས་རྒྱ་ནག་གཞུང་གིས་ཧོང་ཀོང་དང་། ཤར་ཏུར་ཀིསུ་ཐན་ནང་ཐལ་ཆེའི་སྲིད་ཇུས་སྤེལ་བཞིན་པའི་ཐད་སྐྱོན་བརྗོད་ཀྱི་སྤྱི་བསྒྲགས་སྤེལ་སྟངས་དེ་ནི་རྒྱ་ནག་ལ་མཉམ་རུབ་བརྒྱབ་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎