ཕྱི་ལོ་གསར་པ་འགོ་ཚུགས་ལ་ཉེ་བ་དང་བསྟུན། བཞུགས་སྒར་དུ་གནས་སྡོད་བོད་མི་ཁག་གཅིག་ལ་ཕྱི་ལོ་ ༢༠༢༤ ལོ་ཕྱིར་དྲན་དང་། ཡོང་རྒྱུའི་ལོ་གསར་པའི་འཆར་གཞི་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ།

2024.12.31
ཕྱི་ལོ་གསར་པ་འགོ་ཚུགས་ལ་ཉེ་བ་དང་བསྟུན། བཞུགས་སྒར་དུ་གནས་སྡོད་བོད་མི་ཁག་གཅིག་ལ་ཕྱི་ལོ་ ༢༠༢༤ ལོ་ཕྱིར་དྲན་དང་། ཡོང་རྒྱུའི་ལོ་གསར་པའི་འཆར་གཞི་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ། བཅར་འདྲི་ཞུ་ཡུལ་ཁག ༢༠༢༤།༡༢།༣༡ ཉིན།
RFA/ Tenzin Dhonyoe

ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་མོ་དེ་བཞིན། ཕྱི་ལོ་ ༢༠༢༤ ལོའི་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད་པ་དང་ཕྱི་ལོ་གསར་པ་འགོ་ཚུགས་ལ་ཉེ་བ་དང་བསྟུན། འདི་ག་ཨེ་ཤེ་ཡ་རང་དབང་འཕྲིན་ཁང་ནས་སྤྱི་ཚོགས་རང་བཞིན་ངོས་ནས་མི་མང་ཁག་ཅིག་ལ། ཕྱི་ལོ་ ༢༠༢༤ ལོ་ཕྱིར་དྲན་དང་། ལོ་འདིར་བྱ་བཞག་སོགས་ག་འདྲ་བྱུང་ཡོད་པ་སོགས་ཀྱི་སྐོར་བཅར་འདྲི་ཞུས་པར། ཁོང་རྣམ་པ་ཕལ་མོ་ཆེས་ཕྱི་ལོ་ ༢༠༢༤ ལོ་དེ་བཞིན་བྱ་བ་ལམ་ལྷོང་གང་ལེགས་བྱུང་ཡོད་སྐོར་དང་། ཡོང་རྒྱུ་བསྡད་པའི་ཕྱི་ལོ་ ༢༠༢༥ ལོའི་ནང་རེ་འདུན་གསར་པ་དང་དམིགས་ཡུལ་གསར་པ་སོགས་ཀྱི་ཐད་རང་ནུས་གང་ལྕོགས་ཀྱིས་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

དེ་ཡང་རྒྱ་གར་མོན་གྷོ་གཞིས་ཆགས་ནས་༧གོང་ས་མཆོག་གི་མཇལ་ཁའི་ཆེད་བཞུགས་སྒར་དུ་བཅར་བའི་ཨ་མ་ཉི་མ་དབྱངས་སྒྲོན་ལགས་ཀྱིས་གསུངས་ན། ཡོང་རྒྱུ་བསྡད་པའི་ལོ་ཟླའི་ཁྲོད་ཁོང་ནས་གཞིས་ཆགས་ཀྱི་དགོན་སྡེ་ཁག་ཏུ་ཁོར་ཡུག་གཙང་བཟོ་སོགས་ཀྱི་ཐད་ཞབས་འདེགས་ཞུ་རྒྱུའི་འདོད་བློ་ཡོད་པ་གསུངས་ཀྱི་འདུག་ལ། ལུས་རྩལ་སློབ་སྟོན་པ་ཀུན་བཟང་སྟོབས་ལྡན་ལགས་ཀྱིས། ཁོང་ནས་ལོ་འདིའི་ནང་(Everest Base Camp)རྒྱ་མཚོ་ནས་མཐོ་ཚད་མི་ཌར་༥༥༠༠ ཅན་གྱི་རིར་འཛེགས་རྒྱུ་བྱུང་སོང་བས། ལོ་གསར་པའི་ནང་ཁོང་ནས་མུ་མཐུད་རི་འཛེགས་དང་ལུས་སྦྱོང་གི་འཛིན་གྲྭ་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ས་རྭ་མཐོ་སློབ་དུ་ཉམས་ཞིབ་སློབ་མ་ཡིན་པ་ཚེ་རིང་གཡུ་སྒྲོན་ལགས་ནས། ཕྱི་ལོ་་༢༠༢༤ལོར་ལས་དོན་མཐའ་དག་ལེགས་འགྲུབ་བྱུང་བ་དང་། ཕྱི་ལོ་ ༢༠༢༥་ལོར་མུ་མཐུད་སློབ་གཉེར་ལ་ཧུར་ཐག་དང་ས་གནས་ཁང་མང་པོའི་དཔེ་མཛོད་ཁག་ཏུ་ཆེད་སྐྱོད་ཀྱིས་ཉམས་ཞིབ་སློབ་གཉེར་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།

རྩ་བའི་འཛམ་གླིང་སྤྱི་ཡོངས་སུ་ཕྱི་ལོ་གསར་པ་སྲུང་བརྩི་ཟབ་རྒྱས་ཞུ་ཡི་ཡོད་པ་བཞིན། བཞུགས་སྒར་རྡ་རམ་ས་ལར་ཡང་རྒྱ་གར་མངའ་སྡེ་གཞན་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་མི་རྣམས་ཕྱི་ལོ་གསར་པ་སྲུང་བརྩི་ཞུ་ཆེད་ནང་མི་དང་ལྷན་ཡོང་བཞིན་ཡོད་པ་རེད་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎