བཀའ་ཤག་གི་ཚོགས་མིའི་འོས་གཞིའི་མཚན་གཞུང་འབུལ་རྒྱུ།

བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་ཚོགས་མིའི་འོས་གཞིའི་མཚན་གཞུང་གྲོས་ཚོགས་ལ་ཕྱི་ཟླ་དགུ་པའི་ཚེས་༡༦་ཉིན་འབུལ་རྒྱུ།

2011.08.10

༄༅༎བཙོན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་ཚོགས་མིའི་འོས་གཞིའི་མཚན་གཞུང་གྲོས་ཚོགས་ལ་ཕྱི་ཟླ་དགུ་པའི་ཚེས་ ༡༦་ཉིན་ཕུལ་རྒྱུ་ཡིན་པའི་སྐོར་གསར་འགོད་ལྷན་ཚོགས་ཐོག་བཀའ་གནང་འདུག་། བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྱིས་ཐད་ཀར་འོས་འདེམས་ཞུས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཐུགས་འགན་དམ་འབུལ་མཛད་གྲུབ་མཚམས་སུ་བཀའ་ཤག་ཚོགས་ཁང་ནང་དུ་གསར་འགོད་ལྷན་ཚོགས་དང་པོ་དེ་གནང་ཡོད་ཅིང་། སྐབས་དེར་གསར་འགོད་པ་རྣམས་ཀྱིས་གནད་དོན་འདྲ་མིན་ཐོག་དྲི་བ་ཕུལ་བའི་གྲས་ནས་ སྐབས་བཅུ་སུམ་པའི་བཀའ་ཤག་གི་ཚོགས་མི་བཀའ་བློན་གྱི་འོས་མིའི་མཚན་གཞུང་གྲོས་ཚོགས་སུ་ཕྱི་ཟླ་དགུ་པའི་ཚེས་ ༡༦་ ཉིན་ཕུལ་དགོས་ཀྱི་ཡོད་པ་ལྟར་འབུལ་རྒྱུའི་དྲ་བསྒྲིག་གནང་བཞིན་པ་ཡིན་པའི་སྐོར་བཀའ་གནང་འདུག་༎

དེ་མ་ཟད་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་སྒྲིགས་འཛུགས་ཀྱི་ལས་བྱེད་དང་ སྲིད་བྱུས་ བཞེངས་ཕྱོགས་ཐོག་ཁོང་གིས་འོས་བསྡུའི་སྐབས་སུ་དྲིལ་བསྒྲག་གནང་བའི་གསར་གཏོད་ཀྱི་རྩ་འཛིན་གྱི་ཐོག་ཡར་རྒྱལ་དང་ལས་དོན་ཚགས་ཚུད་ཀྱི་ཆེད་དུ་བསྐྱར་ཞིབ་དང་འགྱུར་བ་ཡོད་སྲིད་པའི་སྐོར་གསལ་བཤད་གནང་འདུག་། ལྷག་པར་དུ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་རང་དབང་བསྐྱར་གསོའི་ཆེད་དུ་འབད་བརྩོན་གནང་རྒྱུ་ཡིན་པ་དང་ དེའི་ཆེད་དུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་བཀའ་བློན་ཁྲི་པ་གསར་པར་རྒྱོབ་སྐྱོར་དགོས་པས་མཉམ་རུབ་གནང་དགོས་པའི་འབོད་བསྐུལ་གནང་བ་བཅས་ཀྱི་གནས་ཚུལ་བྱུང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎