ཧོང་ཀོང་ས་གནས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་གསར་པ་ཚོས་རྒྱ་ནག་ལ་རྒྱལ་ཞེན་ཡོད་པའི་དམ་བཅའ་བཞག་ཡོད་པ།

2021.09.10
ཧོང་ཀོང་ས་གནས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་གསར་པ་ཚོས་རྒྱ་ནག་ལ་རྒྱལ་ཞེན་ཡོད་པའི་དམ་བཅའ་བཞག་ཡོད་པ། ༢༠༢༡།༧།༡༣། ཧོང་ཀོང་ས་གནས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཚོགས་འདུ་ཚོགས་སྐབས།
ཨེ་པི།

ཧོང་ཀོང་ས་གནས་གཞུང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ནས་རྒྱ་ནག་ལ་རྒྱལ་ཞེན་གྱི་དམ་བཅའ་ལེན་དགོས་པའི་ཁྲིམས་སྒྲིག་གཏན་འབེབས་ལ་ངོ་རྒོལ་ཆེད་འཐུས་མི་བརྒྱ་ཕྲག་ལྷག་གིས་གྲོང་སྡེ་ལྷན་ཚོགས་ཀྱི་ལས་གནས་ནས་ཕྱིར་ཐོན་བྱས་པའི་རྗེས། རེས་གཟའ་པ་སངས་ཉིན་གསར་དུ་བསྐོ་བཞག་བྱས་པའི་འཐུས་མི་བཅུ་གྲངས་ལྷག་གིས་རྒྱ་ནག་ལ་རྒྱལ་ཞེན་གྱི་དམ་བཅའ་བཞག་ཡོད་འདུག
ཧོང་ཀོང་གི་འོས་བསྡུའི་ལམ་ལུགས་ནང་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཡོངས་རྗོགས་ས་གནས་མི་མང་གི་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་རུང་། ཉེ་བའི་དུས་སུ་ཧོང་ཀོང་ས་གནས་གཞུང་ནས་གྲོང་སྡེ་ལྷན་ཚོགས་ནང་རྒྱ་ནག་སྐམ་ས་ཆེན་མོར་རྒྱལ་ཞེན་མེད་པའི་འཐུས་མི་རྣམས་རིམ་བཞིན་ཕྱིར་འབུད་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། ཧྥརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ནས་ས་གནས་ཀྱི་ཉིན་རེའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་དང་བཟའ་བཅའ་གད་སྙིགས་བསྡུ་རུབ་ལ་སོགས་པའི་ལས་དོན་ལ་བགྲོ་གླེང་ཐག་གཅོད་བྱེད་པ་ལས། ཆབ་སྲིད་ནང་ཐེ་ཇུས་མེད་ཀྱང་ ༢༠༡༩ལོར་ཧོང་ཀོང་ནང་མང་ཚོགས་ཀྱི་དམངས་གཙོའི་ལས་འགུལ་ངོ་རྒོལ་གྱེན་ལངས་སྐབས། རྗོང་སྡེ་ལས་ཁུངས་དེ་བཞིན་མི་མང་གི་མངོན་འདོད་མཚོན་རྟགས་སུ་གྱུར་ཞིང་། སྐབས་དེའི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ཁྲོད་ས་གནས་མི་མང་གི་དམངས་གཙོའི་ལྟ་བ་འཛིན་པའི་འོས་མིར་ཧ་ཅང་གི་ཚད་མཐོའི་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་ལ་རྒྱལ་ཞེན་ཅན་གྱི་འོས་མི་རྣམས་ལ་ཕམ་ཉེས་བཏང་ཡོད་འདུག
དེ་ནས་བཟུང་རྒྱ་ནག་གཞུང་ནས་ཧོང་ཀོང་ས་གནས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་ཀྱིས་ཁྲིམས་གཞི་རིམ་པ་བཀོད་ལག་བསྟར་བྱས་ཞིང་། གྲོང་སྡེ་ལྷན་ཚོགས་ནང་མི་མང་གི་ཐད་ཀར་འོས་འདེམས་བྱས་པའི་འཐུས་མིའི་ས་དམིགས་ལ་ཚད་བཀག་བཟོས་ཡོད་པ་མ་ཟད། འཐུས་མི་རྣམས་ནས་རྒྱ་ནག་ལ་རྒྱལ་ཞེན་ཡོད་མིན་གྱི་ཆ་རྐྱེན་གཏན་འབེབས་བྱས་ཡོད་འདུག
རེས་གཟའ་པ་སངས་ཉིན་དེ་འདྲའི་ཆ་རྐྱེན་འོག་ ཧོང་ཀོང་ས་གནས་གཞུང་ནས་འདེམས་བསྐོ་བྱས་པའི་ཧོང་ཀོང་ས་གནས་ཀྱི་གྲོང་སྡེ་ལྷན་ཚོགས་ནང་འཐུས་མི་གསར་པ་༢༤ ཡིས་ལས་འཁུར་དམ་འབུལ་བྱས་ཞིང་། ཚོགས་པ་དེ་དག་ནས་རྒྱ་ནག་ལ་རྒྱལ་ཞེན་གྱི་དམ་བཅའ་བཞག་ཡོད་འདུག
ཧོང་ཀོང་ས་གནས་ཀྱི་སྤྱི་ཁྱབ་Carrie Lam གྱིས་ཚོགས་པ་གསར་པ་རྣམས་ཀྱི་རྒྱ་ནག་ལ་རྒྱལ་ཞེན་གྱི་དམ་འབུལ་བྱས་ཀྱང་གལ་སྟེ་རྒྱལ་ཞེན་འཐུས་ཚང་མེད་པའི་གནས་ཚུལ་བྱུང་ཚེ་ གྲོང་སྡེ་ལྷན་ཚོགས་ནས་ཕྱིར་འབུད་གཏང་རྒྱུའི་དབང་ཚད་ཡོད་ལ། ཕྱིར་འབུད་ཀྱི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག གནས་ཚུལ་ནང་གསལ་ལྟར་ན་རིང་མིན་བདུན་ཕྲག་ཁ་ཤས་ནང་ཚུད་ཧོང་ཀོང་ས་གནས་གཞུང་ནས་རྒྱ་ནག་ལ་རྒྱལ་ཞེན་ཅན་གྱི་གྲོང་སྡེ་ལྷན་ཚོགས་ནང་ཚོགས་མི་གྲངས་༡༨༠ཙམ་གསར་དུ་བསྐོ་བཞག་བྱ་རྒྱུ་ཡིན་པ་རེད།།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎