འབར་མའི་གཞུང་དང་གྲངས་ཉུང་མི་རིགས་ཚོ་ཞི་འགྲིག་ཡོང་རེ།

འབར་མའི་གཞུང་དང་གྲངས་ཉུང་མི་རིགས་ཚོའི་དབར་ཞི་འགྲིགས་ཀྱི་གྲོས་མོལ་ཡོང་རྒྱུའི་རེ་བ་ཆེ་རུ་འགྲོ་གི་ཡོད་པའི་གནས་ཚུལ་ཐོན་འདུག

2012.05.10

༄༅༎འབར་མའི་གཞུང་དང་གྲངས་ཉུང་མི་རིགས་ཚོའི་དབར་ཞི་འགྲིགས་ཀྱི་གྲོས་མོལ་ཡོང་རྒྱུའི་རེ་བ་ཆེ་རུ་འགྲོ་གི་ཡོད་པའི་གནས་ཚུལ་ཐོན་འདུག
སྔ་ལོ་ནས་བཟུང་འབར་མའི་དྲག་པོའི་སྲིད་གཞུང་ནས་མི་མང་གི་མངོན་འདོད་ལྟར་མང་གཙོའི་ལམ་ལུགས་སུ་བཅོས་བསྒྱུར་གང་འཚམས་བཏང་འགོ་ཚུགས་ཡོད་པ་དང་། ཉེ་ཆར་གྲོས་ཚོགས་ཀྱི་འོས་བསྡུ་བྱས་ནས་མང་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། འོན་ཀྱང་ས་མཚམས་སུ་གནས་སྡོད་བྱེད་མཁན་ཁ་ཆིན་ཞེས་པའི་མི་རིགས་ཀྱི་གྱེན་ལོག་ཤོག་ཁག་དང་། སྲིད་གཞུང་དབར་ལོ་མང་པོའི་རིང་འཁོན་འཁྲུག་ཡོད་མུས་ཡིན་པ་དེའི་ཐོག་དམིགས་བསལ་དོན་འབྲས་སོན་པ་ཞིག་ཡོང་གི་མེད་པའི་སེམས་འཚབ་ཡོད་སྟབས་ད་ཆ་སྲིད་འཛིན་ཐེན་སན་མཆོག་ནས་དམིགས་བསལ་ཐུགས་འཁུར་བཞེས་ནས་ཞི་འགྲིགས་ཀྱི་གྲོས་མོལ་ཡོང་ཐབས་གནང་རྒྱུ་ཡིན་པ་དང་། དེས་མི་རིགས་དེ་དག་ལ་ཁེ་ཕན་ཡོད་པ་ཙམ་དུ་མ་ཟད་ཕྱོགས་ཕན་ཚུན་དབར་ཡིད་ཆེས་ཀྱི་སྒོ་མོ་གསར་པ་ཞིག་ཕྱེ་རྒྱུའི་རེ་བ་ཡོད་པའི་དཔྱད་ཞིབ་བྱེད་འདུག
དེ་ཡང་ཨོ་སེ་ཀྲེ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ནི་ཀོ་ལ་སེ་ ཕ་ར་ལེས། སྲིད་འཛིན་ཐེན་སན་མཆོག་གི་ད་བར་བཅོས་བསྒྱུར་རིམ་པ་བཏང་གནང་བའི་བརྒྱུད་རིམ་ལ་བལྟས་པའི་སྐབས་ཁ་ཆིན་རང་བཙན་འཐབ་རྩོད་བྱེད་མཁན་གྱི་གྱེན་ལོག་ཤོག་ཁག་ཚོའིམཉམ་དུའང་དོན་དམ་པའི་ཐོག་ནས་གྲོས་ཆོད་ཡག་པོ་ཞིག་འཇོག་ཐུབ་པའི་རེ་བ་ཡོད་འདུག་ལ་དེ་ནི་འགོ་འཁྲིད་ཀྱི་ཁ་ཕྱོགས་ཡག་པོ་ཞིག་གོམ་པ་སྤོས་པའི་རྣམ་པ་རེད། དེས་འབར་མའི་ནང་གི་དཀའ་ངལ་དེར་ཞི་འགྲིགས་ཡོང་ཐབས་ཀྱི་སྲིད་བྱུས་ཡག་པོ་ཞིག་རེད་ཅེས་གསུངས་འདུག
སྤྱིར་བཏང་འབར་མའི་ནང་། དེ་སྔ་ཕྱི་ལོ་ ༡༩༤༨ ལོར་དངོས་སུ་རང་བཙན་གཙང་མའི་རྒྱལ་ཁབ་ཆགས་པ་ནས་བཟུང་མི་རིགས་དང་། ཤོག་ཁག་འདྲ་མིན་ཁ་དབྱེ་ནས་འཁོན་འཁྲུག་མང་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ཁ་ཆིན་ཞེས་པའི་མངའ་ཁུལ་དེའི་ནང་མུ་མཐུད་ནས་གཞུང་དང་མཉམ་འཁོན་འཁྲུག་ཡོད་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎