ལྦིཏ་ནམ་མི་མང་གིས་སླར་ཡང་རྒྱ་ནག་ལ་ངོ་རྒོལ།

ལྦིཏ་ནམ་མི་དམངས་བརྒྱ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་པ།

2011.06.26

༄༅༎རྒྱ་ནག་དང་ལྦིཏ་ནམ་དབར་ལ་གཏེར་གྱི་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་གཞི་ཆེ་རུ་ཕྱིན་པའི་རྗེས། དེ་རིང་རེས་གཟའ་ཉི་མའི་ཉིན་ལྦིཏ་ནམ་མི་དམངས་བརྒྱ་ཙམ་གྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་པ་རེད།

ལྦིཏ་ནམ་མི་དམངས་ཚོས་རྒྱལ་ས་ཧ་ནོ་ཨི་ནང་རེས་གཟའ་ཉི་མ་ལྟར་ཆག་རྒྱ་ནག་ཕྱོགས་ནས་ཁོང་ཚོའི་ས་ཁོངས་ཐོག་བཙན་འཛུལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། དེ་རིང་གིས་རེས་གཟའ་ཉི་མ་བཞི་པ་དེ་ཡིན་ཞིང༌། དེ་རིང་ཨ་མི་རི་ཀའི་ཕྱོགས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་རྙོག་གི་གནས་སྟངས་རྒྱ་ནག་ཕྱོགས་ནས་ཆུང་དུ་གཏོང་ཐབས་སུ་རྒྱ་ནག་དང་ལྦིཏ་ནམ་གཉིས་དབར་ཞི་བའི་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་གནང་ཆེད་ཨ་རི་དང་རྒྱ་ནག་གི་སྐུ་ཚབ་དབར་ཨ་རིའི་མངའ་སྡེ་ཧ་ལྦའེ་དུ་བཀའ་མོལ་གནང་བཞིན་པའི་སྐབས་དེར་ལྦིཏ་ནམ་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་ཞག་ཡིན་པ་རེད། ངོ་རྒོལ་ནང་ཞུགས་མཁན་མི་ཁག་ཅིག་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ཡོད་པའི་གླིང་ཕྲན་དེ་གཉིས་ནི། ལྦིཏ་ནམ་རྒྱལ་ཁབ་ཀྱི་ཤ་ཁྲག་ལྟ་བུ་ཁ་བྲལ་ཐབས་མེད་ཅེས་པའི་ཡིག་ཆེན་ཁྱེར་ཡོད་པ་དང༌། ཡང་ངོ་རྒོལ་ནང་ཞུགས་མཁན་ལོ་ན་༧༠ ཡིན་པའི་རྒས་པོ་ཞིག་གིས། ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། རང་ཉིད་ཀྱི་རྒྱལ་ཁབ་ལ་ཤ་ཞེན་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་བཏོན་པ་ཡིན་ཞེས་དང༌། ཡང་མི་གཞན་ཞིག་གིས། རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་གི་ལྦིཏ་ནམ་ཡི་མངའ་ཁོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་འགྲོ་ལམ་རྣམས་བཙན་འཛུལ་བྱས་པ་དང༌། ཁོང་ཚོའི་ཉ་པའི་ཅ་དངོས་བཙན་འཕྲོག་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དུ་ཡོང་བ་ཡིན་ཞེས་འབྲེལ་བརྗོད་བྱས་ཡོད་པ་རེད།

ལྦིཏ་ནམ་དམར་ཤོག་རྒྱལ་ཁབ་དེའི་ནང་དུས་རྒྱུན་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཐོག་ངོ་རྒོལ་རིགས་བྱེད་པ་མཐོང་རྒྱུ་མེད་ཅིང༌། ད་རེས་བསྟུད་མར་རེས་གཟའ་ཉི་མར་ལྟག་འཆར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་དུ་ལྦིཏ་ནམ་མི་དམངས་ཉིས་བརྒྱ་ཙམ་གྱིས་ངོ་རྒོལ་ལས་འགུལ་སྤེལ་བ་ཡང་ཉི་ཧོང་ནང་བྱུང་མྱོང་མེད་པ་ཞིག་ཡིན་པ་དང༌། རེས་གཟའ་ཕུར་བུའི་ཉིན་ལྦིཏ་ནམ་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ལྦིཏ་ནམ་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནི། ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་རྩོད་རྙོག་ཆེ་རུ་འགྲོ་བ་དེར་མི་དམངས་ཀྱི་སེམས་ནང་མི་དགའ་བའི་ཚོར་བ་ཡོད་པའི་ར་སྤྲོད་ཡིན་པ་རེད་ཅེས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎