༸གོང་ས་མཆོག་རིང་མིན་ཧོའོ་ལེནདྲ་ནང་ཆིབས་བསྒྱུར།

ཧོའོ་ལེནདྲ་ཡུལ་གྲུས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོ་བོ་ཐོག་ནས་ཡུལ་ནང་ཕེབས་བསུ་ཞུ་རྒྱུ་ཡིན་འདུག

2009.04.24

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཧོའོ་ལེནདྲ་ཡུལ་གྲུའི་ནང་ཆིབས་བསྒྱུར་སྐབས་ཡུལ་དེའི་ཕྱི་སྲིད་བློན་ཆེན་མེཀ་སིམ་ལྦར་ཧེ་གེན་ཡིས་བོད་ཀྱི་དབུ་ཁྲིད་ཡིན་པའི་ངོ་བོའི་ཐོག་ནས་ཕེབས་བསུ་ཞུ་རྒྱུ་མིན་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོ་བོ་ཐོག་ནས་ཕེབས་བསུ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་ཀྱང་གང་ལྟར་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་༸གོང་ས་མཆོག་ལ་ཧོའོ་ལེནདྲ་གཞུང་གི་ངོས་ནས་ཕེབས་བསུ་ཞུ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ཚེས་ལྔ་ཉིན་ཧོའོ་ལེནདྲ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་གཏན་འཁེལ་གསལ་བསྒྲགས་བྱས་ཟིན་པ་དང་གདན་ཞུ་ཕུལ་མཁན་ཧོའོ་ལེནདྲ་ནང་གི་རང་དབང་ཐེབས་རྩ་ཞེས་པ་ཡིན་ཞིང་ཡིན་ནའང་རྒྱ་ནག་ཕྱོགས་ནས་ཧོའོ་ལེནདྲ་གྲོས་ཚོགས་ལ་ཡི་གེ་བཏང་སྟེ་༸གོང་ས་མཆོག་ཧོའོ་ལེནདྲ་ནང་ཆིབས་བསྒྱུར་བསྐྱང་རྒྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་རྗེས་གཟའ་འཁོར་སྔོན་མར་ཧོའོ་ལེནདྲ་གྱི་གྲོས་ཚོགས་འོག་མས་ཁོང་ཚོའི་རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་གཞུང་གི་ཉེན་བརྡར་མགོ་མ་སྒུར་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོ་བོའི་ཐོག་ནས་ཕེབས་བསུ་ཞུ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎