མའོ་ཤོག་ཁའི་དམག་མི་རྒྱལ་ཁབ་དམག་དཔུང་དུ་མཉམ་ཞུགས།

བལ་ཡུལ་མའོ་གྱེན་ལོག་ཚོགས་པའི་དམག་མི་ཚོས་རྒྱལ་ཡོངས་དམག་དཔུང་ནང་མཉམ་ཞུགས་བྱེད་བཅུག་དགོས་པའི་དགོས་འདུན་བཏོན་འདུག

2008.09.04

༄༅༎བལ་ཡུལ་མའོ་གྱེན་ལོག་ཚོགས་པའི་དམག་མི་ཚོས་དེ་སྔ་ཞི་འགྲིགས་སྐབས་གྲོས་ཆོད་བཞག་ཡོད་པ་ནང་གསལ་ལྟར་རྒྱལ་ཡོངས་དམག་དཔུང་ནང་མཉམ་ཞུགས་བྱེད་བཅུག་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་འདུག

མི་མང་བཅིངས་བཀྲོལ་དམག་མི་ཞེས་དེ་སྔ་མའོ་གྱེན་ལོག་ཤོག་ཁག་གི་དམག་མིའི་སྤྱི་ཁྱབ་གཞོན་པ་ནཏ་ ཀི་ཤོར་ པུན་འམ་མིང་གཞན་ཞིག་ལ་པ་སངས་ཟེར་བའི་ཁ་ས་རེས་གཟའ་ལྷག་པའི་ཉིན་གསར་འགོད་ལྷན་ཚོགས་ཤིག་ཐོག་དེ་སྔ་ཕྱི་ལོ་ ༢༠༠༦ ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༡ཉིན་སྐབས་དེའི་བལ་ཡུལ་གཞུང་དང༌། མའོ་གྱེནལོག་ཤོག་ཁག་དབར་ཞི་འགྲིགས་ཀྱི་ཆིངས་དོན་བཞག་པའི་ནང༌། མི་མང་བཅིངས་བཀྲོལ་དམག་མི་རྣམས་རིམ་པས་རྒྱལ་ཁབ་ཀྱི་དམག་མིའི་ནང་མཉམ་ཞུགས་བྱེད་ཆོག་པའི་སྐོར་འཁོད་ཡོད་པ་ལྟར་ད་ཆ་དངོས་སུ་ལག་ལེན་འཁེལ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་པ་དང༌། ཆབས་ཅིག་ད་ལྟའི་ཆར་ཁོང་ཚོའི་དམག་མི་རྣམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོགས་འོག་ཡོད་ཀྱང་དམག་མི་ཚོར་འདས་པའི་ཟླ་བ་བཅུ་གཅིག་རིང་གླ་ཕོག་ཐོབ་མེད་པ་མ་ཟད་ཁོང་ཚོར་འཚོ་བ་དང༌། སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལུགས་གསུངས་ཡོད་འདུག

སྲུང་སྐྱོབས་ལས་དོན་ཐོག་མཁས་དབང་སྐུ་ཞབས་གོ་པལ་ སིང་སྦོ་ར་དང༌། སི་པི་གུ་རུང་གཉིས་ནས་ཀྱང་དམག་མི་ཟླ་བསྒྲིལ་གཏོང་རྒྱུའི་ལས་དོན་ནར་འགྱངས་དང་། སྣང་ཆུང་གཏོང་རྒྱུ་མེད་ལུགས་དགོངས་ཚུལ་གསུངས་འདུག འོན་ཀྱང་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་ཚོགས་མི་རམ་ས་རན་ མོ་ཧཏ་ནས། ཞི་བའི་གྲོས་མཐུན་བཞག་པའི་སྐབས་གྱེན་ལོག་ཤོག་ཁག་གི་དམག་མི་རྣམས་ཟླ་བསྒྲིལ་བྱེད་རྒྱུའི་སྐོར་གསལ་ཁ་གང་ཡང་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎