བལ་ཡུལ་ནང་སྲིད་བློན་བསྐྱར་དུ་འདེམས་ཐོན་མ་ཐུབ་པ།

བལ་ཡུལ་གྱི་གྲོས་ཚོགས་ཀྱིས་བསྐྱར་དུ་སྲིད་བློན་གསར་པ་འདེམས་རྒྱུའི་ལས་དོན་སྤེལ་ཡང་བསྐྱར་དུ་ལམ་ལྷོངས་བྱུང་མི་འདུག

2010.09.05

༄༅༎རེས་གཟའ་ཉི་མའི་ཉིན་རྒྱབ་བལ་ཡུལ་གྱི་གྲོས་ཚོགས་ཀྱིས་བསྐྱར་དུ་སྲིད་བློན་གསར་པ་འདེམས་རྒྱུའི་ལས་དོན་སྤེལ་ཡང་བསྐྱར་དུ་སུ་ལའང་རྒྱལ་ཁ་ཐོབ་མི་འདུག

བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་ མའོ་ཤོག་ཁག་གི་དམར་ཤོག་ཚོགས་པའི་དབུ་ཁྲིད་པ་ར་ཅནྡ་ལ་གྲོས་ཚོགས་ཀྱི་འཐུས་མི་༢༤༠ཐམ་པས་རྒྱབ་སྐྱོར་དང་༡༠༡གིས་ངོ་རྒོལ་བྱས་ཏེ་གང་ལྟར་ཁོང་ལ་དགོས་ངེས་ཀྱི་འོས་གྲངས་༣༠༡མ་ཐོབ་པ་རྒྱལ་ཁ་ཐོབ་འདུག། ཕྱོགས་མཚུངས་ཀོངྒེརེསེ་ཚོགས་པའི་ཚོགས་གཞོན་རམ་ཅནྜར་པའོ་རྡེལ་ལ་རྒྱལ་ཐོབ་བྱེད་མཁན་༡༢༢ལས་བྱུང་མི་འདུག། གྲོས་ཚོགས་ཀྱི་ཚོགས་མི་༡༦༣ཙམ་གྱིས་འོས་བསྡུར་མཉམ་ཞུགས་གནང་མེད་པར་བརྟེན་འོས་བསྡུ་ཐེངས་དྲུག་པ་དེ་ཡང་ལམ་ལྷོངས་བྱུང་མེད་ལུགས་གྲོས་ཚོགས་གཙོ་སྐྱོང་བ་སུ་བྭ་ཤེ་ནེམ་བྭངྒ་གིས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎