བལ་ཡུལ་མའོ་གྱེན་ལོག་ཤོག་ཁའི་དམག་ཁོངས་ཕྲུ་གུའི་སྐོར།

བལ་ཡུལ་མའོ་གྱེན་ལོག་ཤོག་ཁའི་དམག་ཁོངས་ཕྲུ་གུ་རྣམས་ཁྱིམ་ཚང་དུ་ཕྱིར་ལོག་གཏོང་རྒྱུའི་ལས་དོན་རིམ་པ་དང་པོ་འགོ་བཙུགས་ཡོད་པའི་སྐོར།

2009.07.17

༄༅༎བལ་ཡུལ་གཞུང་གིས་དེ་སྔོན་མའོ་གྱེན་ལོག་ཤོག་ཁག་གི་དམག་ཁོངས་སུ་བཅུག་པའི་ཕྲུ་གུ་རྣམས་ལ་འདྲི་རྩད་བྱེད་འགོ་ཚུགས་ཏེ་ཁོང་རྣམས་མའོ་དམག་མི་རྣམས་འཕྲལ་སེལ་སྡོད་ཡུལ་ནས་ཁྱིམ་ཚང་དུ་ཕྱིར་ལོག་གཏོང་རྒྱུའི་ལས་དོན་རིམ་པ་དང་པོ་འགོ་བཙུགས་ཡོད་པའི་སྐོར་དེ་རིང་བལ་པོའི་དཔོན་རིགས་ཤིག་གིས་གསུངས་ཡོད་པ་རེད།

བལ་ཡུལ་གྱི་མའོ་ལྟ་སྤྱོད་འཛིན་མཁན་གྱེན་ལོག་ཤོག་ཁག་གིས་དེ་སྔ་གཞུང་བར་དྲག་པོའི་དམག་འཐབ་བྱེད་པའི་སྐབས་ཕྲུ་གུ་མང་པོ་ཞིག་དམག་མིའི་ཁོངས་སུ་བཅུག་ཡོད་ཅིང་ཡིན་ནའང་ཕྱི་ལོ་ཉིས་སྟོང་དྲུག་ལོར་མི་ལོ་བཅུ་དྲག་པོའི་དམག་འཐབ་བྱས་པ་དེ་མཇུག་སྒྲིལ་བ་མ་ཟད་མའོ་གྱེན་ལོག་ཤོག་ཁག་ཞི་བའི་ལས་དོན་ནང་དང་གཞུང་གི་ཆབ་སྲིད་ནང་མཉམ་ཞུགས་བྱས་པ་ནས་བཟུང་ཁོང་ཚོའི་དམག་མི་ཉིས་ཁྲི་གསུམ་སྟོང་ཙམ་བལ་པོའི་གཞུང་གི་དམག་མིའི་ཁོངས་མ་ཡིན་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོགས་འོག་འཕྲལ་སེལ་སྡོད་སྒར་གསར་རྒྱག་གིས་ལོགས་སུ་བཞག་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་མཚོན་རྟོགས་ཞིབ་པར་མའོ་གྱེན་ལོག་ཤོག་ཁག་གི་དམག་མིའི་ཁོངས་སུ་ལོ་ན་བཅོ་བརྒྱད་མན་གྱི་ཕྲུ་གུ་གསུམ་སྟོང་ཙམ་ཡོད་པ་མཁྱེན་རྟོགས་བྱུང་ཡོད་པ་དང་བལ་ཡུལ་གྱི་ཞི་བདེ་དང་འཛུགས་སྐྲུན་བསྐྱར་གསོའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཧེ་རི་ཀུ་མའར་ཤེ་རེསི་ཐ་ཡིས་གསར་འགོད་པར་ཁོང་གི་བློན་ཆེན་ལྷན་ཁང་གི་སྐུ་ཚབ་ཚོགས་པ་ཞིག་བལ་ཡུལ་ལྷོ་ཕྱོགས་སུ་ཡོད་པའི་མའོ་གྱེན་ལོག་ཤོག་ཁག་གི་དམག་མི་རྙིང་པ་འཕྲལ་སེལ་ལྡོད་ཡུལ་གཙོ་བོ་གཅིག་ཏུ་འབྱོར་ཏེ་དེ་རིང་རེས་གཟའ་པ་སངས་ནས་ཕྲུ་གུ་དམག་མི་ཚོར་འདྲི་རྩད་ཀྱི་ལས་དོན་འགོ་ཚུགས་ཟིན་པ་དང་འདྲི་རྩད་བྱས་ཟིན་པའི་རྗེས་ཕྲུ་གུ་རྣམས་སྡོདགནས་གཞན་ཞིག་ཏུ་གནས་སྤོ་བྱས་ཏེ་ཁོང་ཚོའི་ཐོབ་ཐང་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང་ཡིན་ནའང་ཁོང་ཚོར་རང་གི་འདོད་མོས་བཞིན་འདེམས་ཁ་ཁག་འགའ་ཤས་ཤིག་བྱ་རྒྱུའི་གོ་སྐབས་ཡོད་པ་ནི་ཁོང་ཚོ་རང་ཉིད་ཀྱི་གྲོང་གསེབ་ཏུ་ཕྱིར་ལོག་བྱ་མིན་དང་ཡང་ན་མུ་མཐུད་སློབ་སྦྱོང་མཇུག་སྐྱོང་བྱ་རྒྱུ་ཡིན་མིན་ཡང་ན་ལས་ཀའི་སྦྱོང་བརྡར་བྱ་མིན་སོགས་ཡིན་པ་དང་ཕྲུ་གུ་ཚོའི་རང་དབང་བསྐྱར་གསོའི་ལས་དོན་དེ་ནི་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཚུད་ལ་ཆ་ཚང་བ་མཇུག་སྒྲིལ་ཟིན་པ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎