བལ་བོད་ས་མཚམས་ཁུལ་དམ་བསྒྲགས་ཆེ་རུ་གཏོང་འཆར།

རྒྱ་ནག་གཞུང་ནས་རེ་འདུན་བཏོན་པ་ལྟར་བལ་ཡུལ་གྱི་ས་མཚམས་སུ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

2009.07.16

༄༅༎རྒྱ་ནག་གཞུང་ནས་རེ་འདུན་བཏོན་པ་ལྟར་བལ་ཡུལ་གྱི་ས་མཚམས་སུ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་བལ་ཡུལ་གྱི་ནག་རིག་དྲེ་ལི་ཞེས་པའི་ཉིན་རེའི་གསར་ཤོག་ཅིག་ནང་གནས་ཚུལ་བཀོད་ཐོན་བྱུང་བར་གཞིགས་ན་རྒྱ་ནག་གཞུང་ནས་བལ་བོད་ས་མཚམས་སུ་བོད་མི་སྐྱབས་བཅོལ་བ་འགྲུལ་ཞུད་བྱེད་རྒྱུ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུར་འགོག་ཐབས་སུ་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་པ་བཞིན་བལ་ཡུལ་བདེ་སྲུང་ལས་ཁུངས་ནས་ཏ་ཏོ་པ་ནི་དང་གློ་སྨོན་ཐང༌།དཀྱིལ་མ་ཐང་ཀ་དེ་བཞིན་ལི་མི་སོགས་གནད་འགག་ཅན་གྱི་ས་མཚམས་ས་ཁུལ་ཁག་ཅིག་ཏུ་ས་སྲུང་དམག་མི་ཆེད་འཛུགས་བྱེད་འཆར་ཡོད་འདུག

ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་བཀོད་པར་ལྟར་ན་རྩ་བའི་རྒྱ་གར་དང་བལ་ཡུལ་ས་མཚམས་འགའ་ཤས་སུ་དམིགས་བསལ་ཉེན་རྟོག་དམག་མི་འགྲེམས་འཇོག་བྱས་ཡོད་ཀྱང་ད་བར་བལ་བོད་ས་མཚམས་སུ་ས་སྲུང་དམག་མི་ཆེད་འཛུགས་བྱེད་རྒྱུ་ད་རེས་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད་ལ་ས་སྲུང་དམག་མི་དེ་དག་ཀྱང་གཞུང་ནས་དམིགས་བསལ་ས་མཚམས་སྲུང་སྐྱོབ་ཆེད་བཀོད་བསྒྲིགས་བྱེད་པ་ཞིག་ཡིན་འདུག

སྔ་ལོ་བོད་ནང་དོན་རྐྱེན་བྱུང་བའི་རྗེས་སུ་བལ་ཡུལ་ནང་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བར་བརྟེན་རྒྱ་ནག་གཞུང་ནས་བལ་ཡུལ་གཞུང་ལ་བོད་མི་ཚོའི་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་དགོས་པའི་གནོན་ཤུགས་སྤྲད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎