བལ་ཡུལ་དུ་ཐ་མ་བཀག་སྡོམ་སྐོར།
2010.06.01
༄༅༎ཐ་མ་དང་རྡོ་ཐ་རིགས་ཀྱིས་ལུས་པོའི་འཕྲོད་བསྟེན་ལ་གནོད་གཞིར་གྱུར་པའི་གོམས་གཤིས་ངན་པ་དེ་དག་ལས་བལ་ཡུལ་གྱི་ན་གཞོན་རྣམས་སྐྱོབ་རྒྱུའི་ཆེད་དུ་བལ་ཡུལ་གཞུང་གིས་ཟ་ཁང་དང་ཆང་རག་ཁང་དང་ དེ་མིན་གྱི་སྤྱི་ཚོགས་འདུ་འཛོམས་བྱ་སའི་ས་གནས་ཁག་ནང་ སླད་ཕྱིན་ཐ་མ་འཐེན་པ་དང་དེ་བཞིན་ཐ་མ་འཚོང་འགྲེམས་ཆེད་དུ་དྲིལ་བསྒྲགས་བྱེད་པ་སོགས་ཁྲིམས་འགལ་ཅན་དུ་བརྩི་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་
དེའི་སླད་དུ་བལ་ཡུལ་གྱི་གྲོས་ཚོགས་ཀྱིས་ལོ་ན་༡༦བར་གྱི་ན་གཞོན་ཚོས་ཐ་མ་འཐེན་པ་ཁྲིམས་འགལ་ཅན་དུ་བརྩི་རྒྱུའི་ཁྲིམས་གཞི་ཞིག་གཏན་འབེབས་གནང་གི་ཡོད་རེད་ཅེས་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་པ་སྦལ་ས་གར་གི་རི་ཡིས་ཨེ་ཨེཕ་པི་གསར་ལས་ཁང་ལ་བརྗོད་འདུག ཁྲིམས་གཞི་དེའི་ནང་ཐ་མ་འཐེན་མཁན་ཚོར་བལ་ཡུལ་གྱི་སྒོར་མོ་༥༠༠༠དང་ཐ་མ་བཟོ་འཚོང་བྱེད་མཁན་ཚོར་བལ་ཡུལ་གྱི་སྒོར་མོ་འབུམ་གཅིག་བར་ཉེས་ཆད་འགེལ་རྒྱུ་གཏན་འབེབས་གནང་རྒྱུ་ཡིན་པ་རེད་ བལ་ཡུལ་ནང་ཐ་མ་འཐེན་པའི་ཉེར་ལེན་ཁོ་ནར་བརྟེན་ནས་ལོ་རེར་མི་གྲངས་སྟོང་ཕྲག་༡༥༠༠༠ཙམ་འདས་གྲོངས་འགྲོ་གི་ཡོད་པ་རེད།